མའོ་རྫོང་གི་རིག་གནས་ལས་དོན་དབྱར་མཚོ་བཞིན་གོང་དུ་འཕེལ།

གཙུག་ཏོར།་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-01


        2017ལོར། མའོ་རྫོང་གིས་ཆའང་རིགས་ཀྱི་རིག་གནས་ཡུལ་སྐོར་ལྟེ་གནས་འཛུགས་སྐྲུན་གྱི་དམིགས་འབེན་དང་དམ་དུ་སྦྲེལ་ནས། ཕྱོགས་ཡོངས་ནས་གཏིང་ཟབ་སྒོས་རིག་གནས་སྒྲིག་གཞི་བཅོས་སྒྱུར་དང་གསར་སྐྲུན་བྱས་པ་དང་། ལུགས་མཐུན་སྒོས་གཞི་རིམ་གྱི་རིག་གནས་ཐོན་ཁུངས་སྡེབ་སྒྲིག ཧུར་ཐག་གིས་སྤྱི་བའི་ཞབས་ཞུ་མ་ལག་འཛུགས་སྐྲུན། ནུས་ཤུགས་ཆེན་པོས་རིག་གནས་དམངས་ཕན་ལས་གཞི་ལག་བསྟར། སྤྱི་བའི་རིག་གནས་ཞབས་ཞུའི་ནུས་ཚད་མཐོར་འདེགས། ཕྱོགས་ཡོངས་ནས་རིག་གནས་ལས་དོན་ལ་སྐུལ་འདེད་བཅས་བྱས་ཏེ། རྫོང་ཡོངས་ཀྱི་རིག་གནས་ལས་དོན་འཛུགས་སྐྲུན་ཐད་ནས་མངོན་པར་གསལ་བའི་གྲུབ་འབྲས་ལེགས་པོ་བླངས་འདུག
        2017ལོའི་མའོ་རྫོང་གི་རིག་གནས་དམངས་ཕན་ལས་གཞི་ལ་ཁྱོན་བསྡོམས་མ་དངུལ་122.24བཏང་ཟིན། དེའི་ཁྲོད་གཞི་རིམ་རིག་རྩལ་བྱ་འགུལ་ཐད་ལ་མ་དངུལ་4608བཏང་བ་དང་། རིག་གནས་དམངས་ཕན་འཁྲབ་སྟོན་ཐེངས་156ལེགས་འགྲུབ་བྱུང་ཡོད། ཅུང་འཐུས་ཚང་ཡིན་པའི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་བསྐྲུན་ནས། མི་དམངས་མང་ཚོགས་ལ་རིག་རྩལ་བྱ་འགུལ་སྤེལ་སའི་སྟེགས་བུ་བསྐྲུན་ཡོད། སྤྱི་བའི་ཚོགས་ཁང་གི་ཞབས་ཞུ་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་བའི་ཆེད་དུ། འཇོན་ནུས་ཅན་གསོ་སྦྱོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་རྒྱག་པའི་དུས་མཚུངས་སུ། མའོ་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་ནང་ཁུལ་དོ་དམ་ཚད་ལྡན་དུ་བསྒྱུར་བ་དང་། དཔེ་མཛོད་ཁང་རིན་མེད་སྒོ་འབྱེད་བྱས་ནས་ལོ་ཧྲིལ་བོར་ཀློག་མཁན་ཁྲི་ལྔ་ལྷག་ལ་སྣེ་ལེན་བྱས་ཤིང་། དཔེ་ཆ་ཁྲི་4.3ལྷག་འཁོར་བསྐྱོད་བྱས་པ་དང་། དཔེ་ཆ་2484གསར་དུ་བསྣན། ཡིག་ཚང་གཡར་ཀློག་ཐེངས་གྲངས་1.9ལ་བསླེབས། གློག་རྡུལ་དཔེ་གཟིགས་ཁང་དང་སྨྱན་མང་གཟུགས་དཔེ་གཟིགས་ཁང་ནས་ཀློག་མཁན་8000ལྷག་གིས་དཔེ་ཀློག་བྱས་པ་དང་། སྤྱིའི་སྣེ་ལེན་སྡུར་ཚད་དེ་2016དང་བསྡུར་ན་བརྒྱ་ཆའི་བཅུ་འཕར་ནས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློ་རིག་གནས་ཀྱི་དགོས་མཁོ་ལེགས་པར་བསྐངས་འདུག 
        རྒྱལ་ཡོངས་ཀྱི་ཆའང་རིགས་འདུས་སྡོད་ཁུལ་ཆེས་ཆེ་བ་དེ་ཡིན་པའི་ཆ་ནས། མའོ་རྫོང་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་རྨང་མཐུག་ས་ཞིག་ཡིན། 2017ལོར། ཆའང་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་བརྒྱུད་འཛིན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་འདི་ཡིད་དུ་བརྣགས་ཤིང་ཁུར་དུ་བསྣམས་ནས། མའོ་རྫོང་གིས་ནུས་ཤུགས་ཆེན་པོས་འཛམ་གླིང་ཆའང་རིགས་ཤེས་རིག་གི་ལྟེ་བའི་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ཧུར་ཐག་གིས་ཆའང་རིགས་ཀྱི་རིག་གནས་སྲུང་སྐྱོབ་བརྒྱུད་འཛིན་གྱི་བྱ་བར་སྐུལ་འདེད་བཏང་སྟེ། ཕན་འབྲས་ལེགས་པོ་བླངས་ཡོད།
        འདས་པའི་ལོ་ངོ་གཅིག་གི་རིང་ལ། མའོ་རྫོང་གིས་ཆའང་རིགས་ཀྱི་དངོས་པོའི་རིག་གནས་དང་གཟུགས་འདས་རིག་གནས་ཀྱི་སྲུང་སྐྱོབ་དང་བརྒྱུད་འཛིན། དར་སྤེལ་གཏོང་བ་བཅས་ཀྱི་ཐད་ལ་ཕོན་ཆེ་ཞིང་ཞིབ་ཚགས་ལྡན་པའི་བྱ་བ་བསྒྲུབས་ཤིང་། འགྲེམས་སྟོན་ཚོམས་ཁང་བརྒྱད་ཀྱི་རིག་དངོས་མཚོན་རྟགས་ལ་བཅོས་སྒྲིག་ལེགས་བསྒྱུར་གནང་། དངོས་མང་བཤམས་མཛོད་ཁང་གིས་གཟིགས་སྐོར་བ་མི་ཐེངས་ཁྲི་16.6ལྷག་ལ་སྣེ་ལེན་བྱས་པ་དང་། སྤྱིའི་སྣེ་ལེན་སྡུར་ཚད་ནི་2016ལས་བརྒྱ་ཆའི་དྲུག་ཡར་འཕར་འདུག ས་ངོས་རྒྱ་ཁྱོན་ལ་མའུ་3000ལྷག་ཡོད་པའི་ཀྲུང་གོའི་གནའ་ཆའང་མཁར་དེ། 2017ལོར་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་ནས། རྒྱལ་ཁབ་ཀྱི་ཨེ་རིམ་པ་ཅན་གྱི་ལྗོངས་ཁུལ་བདམས་པར་མ་ཟད། ཆའང་མཁར་དུ་སྒོ་འབྱེད་མཛད་སྒོ་དང་དམངས་སྲོལ་འགྲེམས་སྟོན་སོགས་རིག་གནས་བྱ་འགུལ་སྤེལ་བས། ཡུལ་སྐོར་བ་མང་པོའི་ཡིད་སེམས་རབ་ཏུ་དྲངས། 
        2017ལོར་ཕྱིར་མིག་ཅིག་བལྟས་ཚེ། མའོ་རྫོང་གི་རིག་གནས་ལས་དོན་དབྱར་མཚོ་བཞིན་གོང་དུ་འཕེལ་ནས། ཆའང་གི་རིག་གནས་ཀྱི་མཛེས་ཉམས་དམིགས་བསལ་བ་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱར་ནས། རིམ་བཞིན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཤིག་གྲུབ་གྱིན་གདའ། 2018ལོར། མའོ་རྫོང་གིས་མུ་མཐུད་དུ་ཆའང་རིགས་ཀྱི་རིག་གནས་ཡུལ་སྐོར་ལྟེ་བ་འཛུགས་སྐྲུན་གྱི་་འབེན་དང་དམ་དུ་སྦྲེལ་ནས། རིག་གནས་ཐོན་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་དུས་མཚུངས་སུ་མི་རིགས་རིག་གནས་བརྒྱུད་འཛིན་དར་སྤེལ་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་མགྱོགས་མྱུར་གྱིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་རྒྱུ་རེད།།


རྩོམ་ཡིག་སྔོན་མ།
2017ལོའི་དེབ་2པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1