འཛམ་ཐང་རྐ་མདའ་ནས་ལོ་སར་གྱི་རིག་རྩལ་སྤྲོ་ཚོགས་སྤེལ་བ།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-02


     མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་ས་གནས་རིག་གནས་དར་སྤེལ། ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཆེད། ཉེ་ཆར། འཛམ་ཐང་རྫོང་རྐ་མདའ་ཡུལ་ཚོས་སྐབས་གསུམ་པའི་རོང་འབྲོག་མང་ཚོགས་ཀྱི་ལོ་སར་བསུ་བའི་རིག་རྩལ་སྤྲོ་ཚོགས་སྤེལ་བ་རེད།

      ཐེངས་འདིའི་རོང་འབྲོག་མང་ཚོགས་ཀྱི་རིག་རྩལ་སྤྲོ་ཚོགས་ཀྱི་བརྗོད་དོན་ནི་ཏང་ལ་དྲིན་གཟོ་བ་དང་མང་ཚོགས་ལ་ཞབས་ཞུ། སྤྲོ་དགའི་ངང་གནམ་ལོ་གསར་བ་བསུ་བ་དེ་ཡིན།

     ས་གནས་སུ་མིང་གྲགས་ཆེ་བའི་ན་གཞོན་གླུ་བ་གླུ་མ་ཚོས་སྙན་པའི་གླུ་བླངས་ཤིང་། སྤྲོ་བའི་གར་འཁྲབ་པ། ཁ་ཤག་བཤད་པ། ཛམ་བྷ་ལའི་སྐོར་བྲོ་འགྲན་སྡུར་སོགས་མང་ཚོགས་ཀྱི་ཡིད་དབང་འཕྲོག་པའི་ནང་དོན་ཕུན་སུམ་ཚོགས་པས་རྒྱ་ཆེ་བའི་མང་ཚོགས་ཀྱི་དགའ་བསུའི་ཐལ་མོ་རྡེབ་སྒྲ་གང་སར་ཁྱབ།
     ཡུལ་དངོས་ཀྱི་ལྟད་མོ་བ་ཚེ་རིང་མགོན་གྱིས་དེ་རིང་གི་རིག་རྩལ་འཁྲབ་སྟོན་འདི་ངོ་མ་ཡག་པོ་འདུག  རྗེས་ཕྱོགས་ཀྱང་འདི་དང་འདི་ལྟ་བུའི་རིག་རྩལ་བྱ་འགུལ་སྤེལ་ཐུབ་པའི་རེ་བ་ཆེ་ཞེས་གསར་འགོད་པར་བཤད་བྱུང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1