ཐོན་ལས་དར་ཞིང་རྒྱས་། ལས་ཞུགས་གདམ་ག་མང་།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 02-05


----ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་ལས་དོན་སྤེལ་བའི་མགྱོགས་བྲིས།

            བོད་ལྗོངས་འཁན་པ་དཀར་པོ་འཕྲོད་བསྟེན་མཁོ་ཆས་ཚད་ཡོད་ཀུང་སི་ནི་ལྷ་སའི་ཉེ་འཁོར་ཞིང་འབྲོག་ཁུལ་གྱི་ལས་མི་70ལྷག་ཙམ་ཡོད་པའི་ལས་ཀ་བྱ་ཡུལ་ཞིག་རེད།
            ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་ནས་ཡིན་པའི་མིག་དམར་ནི་ཀུང་སི་དེའི་ལས་མི་ཞིག་ཡིན་ཞིང་། སྐྱེས་དུས་ནས་དབང་པོ་སྐྱོན་ཅན་ཡིན་པའི་ཁོ་མོས་བཟའ་ཟླ་གྲོངས་རྗེས་འཚོ་ཐབས་ཀྱི་ཆེད་དུ་ཟླ་བ་ཁ་ཤས་ལས་མ་སོན་པའི་ཕྲུ་གུ་ཁྲིད་དེ་ཀུང་སི་དེར་ངོ་རྒྱུགས་གཏོང་བར་བསྐྱོད།
            ཀུང་སིས་མིག་དམར་གྱི་གནས་ཚུལ་ཤེས་རྗེས་ལམ་སེང་ཀུང་སི་དེར་འཚམས་པའི་ལས་གནས་ཤིག་བཀོད་སྒྲིག་བྱས་པ་དང་འབྲེལ་སྔ་རྗེས་སུ་དངུལ་སྨར་སྒོར་ཁྲི་2ལྷག་ཙམ་སྤྲད་ནས་མིག་དམར་གྱི་ཁྱིམ་ལ་རོགས་རམ་བྱས་པ་རེད། མིག་དམར་གྱིས་ད་ཆ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་བྱས་པས་དབུལ་སྒྲོལ་ཐུབ་ལ། ཀུང་སིའི་འབྲིང་རིམ་ལས་བྱེད་པར་གྱུར།
            ལས་མི་པ་སངས་སྒྲོལ་མ་ཡང་ཡུད་ཙམ་ཞིག་ལ་ཀུང་སི་དེའི་ཐོན་སྐྱེད་པུའུ་རུ་ལས་ཀ་བྱས་ནས་ལོ་8ཕྱིན།
            2016ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས“ཁེ་ལས་ཀྱིས་གྲོང་ཚོར་རོགས་སྐྱོར་བྱེད་པའི”གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ།
            ས་ཆ་དེ་གའི་ཞིང་འབྲོག་མང་ཚོགས་ཀུང་སི་དེར་ལས་ཞུགས་བྱེད་པར་ཡོང་བའི་ཡིད་དབང་བཀུག་ནས་ཡོང་འབབ་མང་དུ་བཏང་བའི་རྨང་གཞིའི་ཐོག་མུའུ་ཁྲི་གཅིག་ལྷག་ཙམ་གྱི་འཁན་པ་དཀར་པོའི་ཚད་ལྡན་ཅན་གྱི་སྣོད་བཅུད་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་ཐོན་ལས་སུ་བྱས་ཏེ་ཞིང་འབྲོག་མང་ཚོགས་གནད་སྨིན་དབུལ་སྒྲོལ་དང་གནད་སྨིན་དབུལ་སྐྱོར་ཐུབ་རྒྱུར་རོགས་རམ་བྱས་ནས་སྣོད་བཅུད་མ་ལག་འཁོར་རྒྱུག་བཟང་པོ་ཡོང་བའི་ཞིབ་ཕྲའི་བྱ་སྤྱོད་སྤེལ་བ་བརྒྱུད་སྟག་རྩེ་རྫོང་དར་རྒྱས་ཤང་གྲུབ་བཞི་གྲོང་ཚོར་འཁན་པ་དཀར་པོ་འདེབས་རྒྱུར་འཚམ་པའི་རི་རྒོད་ཅིག་རྙེད།
            2016ལོར་ཀུང་སི་དེས་ཞིང་འབྲོག་མང་ཚོགས་ཀྱི་ས་ནས་འཁན་པ་དཀར་པོ་ཏུན་7.2བསྡུ་ཉོ་བྱས་པར་དངུལ་སྒོར་ཁྲི་252.3སྤྲད་པས་ཞིང་འབྲོག་མང་ཚོགས་དུད་ཚང་560ལ་ལོ་ལྟར་ཡོང་འབབ་སྒོར་4500ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
            བོད་ལྗོངས་འཁན་པ་དཀར་པོ་འཕྲོད་བསྟེན་མཁོ་ཆས་ཚད་ཡོད་ཀུང་སིས་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་སྤེལ་བའི་བརྒྱུད་རིམ་ཁྲོད་ཕན་འབྲས་དངོས་དང་ཁྱད་ཆོས་ལྡན་པའི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད་མོད། འོན་ཀྱང་འདི་ནི་ལམ་བུ་གཅིག་པུ་ཁོ་ན་མིན་པ་རེད།
            དཔེར་ན། ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭ་དང་། ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་ཁ་ཡུག་གྲོང་ཚོའི་ཨན་ཀོ་སི་བཤས་གཡག་གསོ་སྤེལ། སྟག་རྩེ་རྫོང་ཐང་དཀར་ཤང་བཞོན་མའི་གསོ་སྤེལ་རྟེན་གཞི། སྟག་རྩེ་བཟོ་ལས་གླིང་ཉི་འོད་གཞིས་ཀ ཆུ་ཤུར་རྫོང་རྟ་དཀར་ཤང་གསུམ་ལྡན་གྲོང་ཚོའི་ནང་འདྲེན་བཞོན་མ་གསོ་སྤེལ་རྟེན་གཞི། སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་མཐོང་དགའ་གྲོང་ཚོའི་ཅིང་ཏུང་ཟོག་འདྲེན་ཐོན་ལས་གླིང་ཁུལ་བཅས་རེད།
            ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས་དུས་ཐོག་ཏུ་འབྲེལ་ཡོད་ཚོགས་འདུ་རབ་དང་རིམ་པ་འཚོགས་ཏེ“ཐོན་ལས་སྟོབས་ཆེའི་གྲོང་ཁྱེར”གྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཐོན་ལས་དབུལ་སྐྱོར་ལས་དོན་ལ་སྤྱི་འདོམས་ཇུས་འགོད་བྱེད་པ། ལས་ཞུགས་ལ་བརྟེན་ནས་དབུལ་སྒྲོལ་བྱ་རྒྱུར་འཕེལ་རྒྱས་ཆེན་པོ་ཡོང་ཐབས་བྱེད་པ། མི་སེར་དབུལ་པོ་དེ་བས་མང་བ་ལས་ཞུགས་ཐུབ་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་སྐྱོད་བཞིན་མཆིས།
            བསྡོམས་རྩིས་བྱས་པར་གཞིགས་ན། གྲོང་ཁྱེར་དེ་ཡོངས་ཀྱིས་ཐོན་ལས་རྣམ་གྲངས་220ལག་བསྟར་བྱས་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་52གཏོང་རྩིས་ཡོད་ཅིང་། དེའི་ཁྲོད་ནས་རྣམ་གྲངས་ཁག་195ལས་འགོ་ཚུགས་པ་དང་། རྣམ་གྲངས་ཁག་131ལས་མཇུག་འགྲིལ་བར་མ་དངུལ་སྒོར་དུང་ཕྱུར་37བཏང་ཡོད་པ་དང་། ཡུལ་གཞན་དུ་གནས་སྤོས་བྱ་ཡུལ་དུ་ལེ་ལག་ཚང་བའི་ཐོན་ལས་རྣམ་གྲངས་62ཟིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1