ཟུང་ཆུ་རྫོང་གིས་ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་ཐད་ལ་ཞིབ་བཤེར་གནང་།

ཆུ་སྐྱེས་གཙུག་ཏོར་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-05


        ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་ཁོར་ཡུག་གཙང་བཟོ་དང་། ཞིང་ལས་ཐོན་རྫས་ཀྱི་གཉེར་སྐྱོང་ཚད་དང་མཐུན་པ། ཞིང་བ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཆེད། ཟུང་ཆུ་རྫོང་གིས“ཚོང་ར་གཙང་བཟོ། དམངས་འཚོ་སྲུང་སྐྱོང་།གོང་འཕེལ་སྐུལ་འདེད།”ཞེས་པ་བརྗོད་གཞི་བྱས་ནས“2018ལོའི་ཁྲིམས་འཛིན་བྱ་སྤྱོད”སྤེལ།ཐེངས་འདིའི་ཁྲིམས་འཛིན་བྱ་སྤྱོད་ལས། ཟུང་ཆུ་རྫོང་གི་བཟོ་ཚོང་ཅུས་དང་རྫོང་མཁོ་འཚོང་མཉམ་ལས་ཁང་གཉིས་ཀྱིས་མཉམ་དུ་དོན་དངོས་དང་མཐུན་པའི་ལག་ལེན་འཆར་གཞི་ཞིབ་མོར་བཀོད་དེ། རྫོང་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ཚོང་ར་གཙོར་བྱས་ནས་ཞིང་ལས་ཐོན་རྫས་དང་ཞིང་སྨན་སྣ་ཁ་ཉི་ཤུ་ལྷག་ལ་ཞིབ་བཤེར་བྱས། ད་དུང་ཚོང་ཁང་གི་ལག་འཁྱེར་ཡོད་མེད་ཐད་ལའང་ཞིབ་བཤེར་ནན་མོ་བྱས་ནས་ཐོན་རྫས་དང་སྨན་རྫུན་བཙོང་མཁན་དག་ལ་རྡུང་རྡེག་དྲག་པོར་བྱས། 
        རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི“2018ལོའི་ཁྲིམས་འཛིན་བྱ་སྤྱོད”དེ་ཉིན་བརྒྱའི་རིང་ལ་སྤེལ་རྒྱུ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1