༄༅།། བོད་གྲི།

བྱམས་པས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-05


མཁར་ལྟག་བོད་གྲི། སྟོབས་ཤུགས་དང་རྒྱན་རིས་ཀྱི་ཟུང་འབྲེལ།
           མཁར་ལྟག་བོད་གྲི་ནི་ལག་ཤེས་བཟོ་རྩལ་ཤ་སྟག་ཡིན།   གྲི་མགོ་དང་གྲི་ཤུབས་ལ་ཟངས་དངུལ་རིགས་གཉིས་སུ་དབྱེ།   རྒྱན་རིས་ཚང་མ་ལག་ཤེས་ཀྱི་བརྐོས་པའི་ཐོན་རྫས་གང་ཡོད་ཚང་མ་སྤུས་དག་ཡིན།   མང་ཆེ་བ་ཐོན་སྐྱེད་དང་འཚོ་བ།   རྒྱན་ཆ།   ཉར་ཚགས་བྱེད་པ་ཡིན།   2008ལོར།   མཁར་ལྟག་བོད་གྲི་ལས་སྣོན་བཟོ་རྩལ་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་མིང་ཐོའི་ནང་དུ་བཅུག མཁར་ལྟག་གྲོང་ཚོའི་གྲོང་མི།   བོད་གྲི་ལག་ཤེས་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་པའི་མི་རབས་རྗེས་མ་བཀྲ་ཤིས་བག་གྲོ་ནི་རྣམ་གྲངས་འདིའི་དཔེ་མཚོན་རྒྱུན་འཛིན་པར་གཏན་འཁེལ་བྱས།
མཁར་ལྟག་བོད་གྲི།
           ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མཁར་ལྟག་ཞང་ནི་མཁར་ལྟག་བོད་གྲི་ཐོན་སྐྱེད་བྱས་པས་སྐད་གྲགས་ཆེ།
           མཚོ་སྣ་རྫོང་གི་མཁར་ལྟག་བོད་གྲི་ལ་ལོ་རྒྱུས་རིང་པོ་ཡོད།   ལོ་ངོ་ལྔ་བརྒྱའི་སྔོན་གྱི་མཚོ་ནག་མཁར་ལྟག་ཤང་གི་ས་གནས་དཔོན་སྣེ་ཕོ་ཀོང་གི་དུས་སྐབས།  ལྷ་སའི་བཀའ་ཤག་སྲིད་གཞུང་ལ་མར་དང་ཤ་མཆོད་འབུལ་བྱ་དགོས།   འོན་ཀྱང་མཆོད་འབུལ་གྱི་ལམ་ཐག་རིང་བས་ལམ་བར་དུ་མཆོད་འབུལ་གྱི་དངོས་རྫས་རུལ་འགྲོ་བས།   ས་གནས་དཔོན་སྣེས་གྲི་ཆུང་སྤུས་ལེགས་བཟོས་ནས་མཆོད་འབུལ་གྱི་མར་དང་ཤའི་ཚབ་བྱས།   གྲི་ཆུང་དེ་དག་ལ་སྐབས་དེའི་བཀའ་ཤག་སྲིད་གཞུང་གི་དཔོན་རིགས་ཀྱིས་དགའ་པོ་བྱེད་པས།   ད་ལྟའི་བར་དུ་དར་ཁྱབ་བྱུང་།   གྲིའི་བཟོ་རྩལ་སྤུས་དག་ཡིན་ལ་ལག་རྩལ་ཕུལ་དུ་བྱུང་ལ།  བརྐོས་རིས་འཕྱོར་བོ་རི་མོ་སྣ་ཚོགས་བཀོད་ཡོད་པས།   ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་མཁོ་ཆས་ཞིག་ཡིན་ཞིང་།   གཙོ་བོ་ཁྱིམ་ཚང་རེ་ཐོན་སྐྱེད་སྡེ་ཚན་བྱས་པའི་གཞི་ཁྱོན་ཆུང་བའི་ཐོན་སྐྱེད་ཀྱི་རྣམ་པ་ཡིན།
           མཁར་ལྟག་བོད་གྲི་ལ་ངག་རྒྱུན་གཞན་ཞིག་ཡོད།   ངག་རྒྱུན་ལ་བོད་ལྗོངས་ལྷོ་རྒྱུད་ཀྱི་ཚོ་བ་ཞིག་ཏུ་མཚོན་ཆ་བཟོ་བའི་ལག་རྩལ་པ་རྒན་པ་ཞིག་ཡོད།   ཁོས་རྡུང་བའི་བོད་གྲིའི་རྣོ་ངར་ལ་འགྲན་ཟླ་མེད་པ་མ་ཟད།   ཧ་ཅང་སྤུས་ལེགས་ཡིན་པས་བོད་ཀྱི་བཙན་པོས་དགའ་པོ་བྱེད།   ཁོ་རང་དམག་འཁྲུག་ལ་ཞེན་ལོག་དང་ཞི་བདེར་རེ་བ་ཆེན་པོ་བྱེད་པས་ཁ་རོག་གེར་མཁར་ལྟག་ཏུ་བྲོས་བྱོལ་ལ་སླེབས་ནས།   མཁར་ལྟག་ཏུ་བོད་གྲི་རྡུང་ནས་འཚོ་བརྟེན་སྒྲུབ།   དེ་བས་མཁར་ལྟག་བོད་གྲི་རྡུང་བའི་ལག་རྩལ་དར་རྒྱས་གོང་འཕེལ་དང་དར་ཁྱབ་བྱུང་།
           མཁར་ལྟག་བོད་གྲི་ནི་ལག་ཤེས་བཟོ་རྩལ་ཤ་སྟག་ཡིན།   གྲིའི་ཡུ་བ་དང་གྲི་ཤུབས་ལ་ཟངས་དངུལ་རིགས་གཉིས་སུ་དབྱེ།   རྒྱན་རིས་ཡོངས་ལག་ཤེས་ཀྱིས་བརྐོས་པ་ཤ་སྟག་ཡིན།   སྟག་དང་སེང་གེ་སོགས་སྲོག་ཆགས་ཀྱི་དཔེ་རིས་མང་ཤོས་ཡིན་ཐོག   གྲི་མགོར་རྒྱན་རིས་འཕྱོར་བོ་བརྐོས་པ་ངོ་མཚར་འགྲན་ཟླ་བྲལ་བས།   མཁར་ལྟག་བོད་གྲི་འདོགས་པ་ནི་བོད་ལྗོངས་སུ་ཐོབ་ཐང་གི་མཚན་རྟགས་ཞིག་ཡིན།
           མཁར་ལྟག་ཞང་གི་སྐྱེས་པ་རྣམས་ཀྱིས་མེས་པོའི་བཟོ་རྩལ་རྒྱུན་འཛིན་བྱས་ཏེ།   མཁར་ལྟག་བོད་གྲི་བཟོ་བ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།   བཀྲ་ཤིས་བག་གྲོ་ནི་དེའི་ཁྲོད་ཀྱི་གཅིག་ཡིན།   བཀྲ་ཤིས་བག་གྲོའི་ཁྱིམ་ལ་མི་རབས་བཞིའི་རིང་ལ་མཁར་ལྟག་བོད་གྲི་རྡུང་བའི་ལོ་རྒྱུས་ཡོད།   བཀྲ་ཤིས་ཀྱིས་ང་ཚོར་བརྗོད་རྒྱུར།   ཆེས་ཐོག་མར་མཁར་ལྟག་བོད་གྲི་བཟོ་བ་ནི་འཚོ་བའི་ཆེད་ཁོ་ན་ཡིན་པ་དང་།“བོད་གྲི་གཅིག་གི་རིང་ཚད་ལ་ལི་སྨི་20ཡོད་པ་དང་།   དངུལ་རྐྱང་བའི་བོད་གྲི་ལ་ཧ་ལམ་མི་དམངས་ཤོག་སྒོར་600ནས་1000ལྷག་ཙམ་ཡིན་པ་དང་།   ཟངས་ཀྱི་བོད་གྲིར་ཧ་ལམ་མི་དམངས་ཤོག་སྒོར་200ཡས་མས་ཡིན།   དེར་བརྟེན་ཡོང་འབབ་ཧ་ཅང་འབེལ་བོ་ཡོད།”
           ཉེ་བའི་ལོ་ཤས་རིང་བོད་གྲི་ལ་མི་མང་པོས་དོ་ཁུར་དང་དགའ་བསུ་ཐོབ་པས།   ས་གནས་གཞན་དག་གི་མགར་བས་ཀྱང་མཁར་ལྟག་བོད་གྲི་དང་འདྲ་བའི་བོད་གྲི་བཟོ་བཞིན་ཡོད།   བཀྲ་ཤིས་བག་གྲོས་བཤད་རྒྱུར།“སྔོན་ཆད་ཚོང་ལས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།   འོན་ཀྱང་ས་གནས་གཞན་པའི་མིས་བཟོས་པའི་བོད་གྲིའི་ཕྱི་ཚུལ་མཁར་ལྟག་བོད་གྲི་དང་འདྲ་མཚུངས་ཡོད་ཀྱང་།   མང་ཆེ་བ་ནི་འཕྲུལ་ཆས་ཀྱིས་ལག་ཤེས་ཀྱི་ཚབ་བྱས་པ་རེད།   མཁར་ལྟག་བོད་གྲི་ནི་ལག་ཤེས་ཤ་སྟག་གིས་རྡུང་བའི་བོད་གྲི་ཡིན་པས།   སྤུས་ཀ་ནི་འགྲན་རྩོད་ཀྱི་ཁྱད་ཡོན་ཆེ་ཤོས་ཡིན་ལ།   ང་ཚོའི་བོད་གྲི་སྔར་བས་ཚོང་བྲིན་པོ་ཡོད།”
 
           བཀྲ་ཤིས་བག་གྲོས་རྡུང་བའི་མཁར་ལྟག་བོད་གྲིའི་རྡུང་ལུགས་ཐད་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཁྱོངས་བྱས་ཡོད།   ཡིན་ནའང་བསམ་བློ་རིམ་གྱིས་འགྱུར་བཞིན་ཡོད།   བཀྲ་ཤིས་བག་གྲོས་དང་ཁོ་ཚོའི་སྡེ་བའི་ནང་དུ་བོད་གྲི་རྡུང་བའི་ཁེ་ལས་ཞིག་བཙུགས།   ཁོས་ད་དུང་དགེ་ཕྲུག་མང་པོ་སྐྱོངས་བཞིན་ཡོད།   ཁོའི་རེ་བར་གྲོང་ཚོ་ཡོངས་ཀྱི་ལག་ཤེས་ཡོད་པ་རྣམས་གཅིག་ཏུ་བསྡུས་ནས།   མཁར་ལྟག་བོད་གྲིའི་ཚོང་རྟགས་དར་སྤེལ་ཆེན་པོ་བཏང་བས།   ས་གནས་དེ་གའི་གྲོང་སྡེ་ཁོ་ནའི་བཀག་རྒྱ་ལས་གྲོལ་ཡོད།
 
           “སྔོན་ཆད་མཁར་ལྟག་བོད་གྲི་རྡུང་ནས་འཚོ་ཐབས་བྱེད་པ་དང་། མགར་བ་དཀྱུས་མ་ཞིག་ཡིན།   ད་ལྟ་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་མཁར་ལྟག་བོད་གྲི་ནི་ང་ལ་མཚོན་ན་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱེད་པའི་འགན་འཁྲི་ཞིག་རེད།”   བཀྲ་ཤིས་བག་གྲོའི་ལྷག་བསམ་ཟོལ་མེད་ཀྱི་སྐད་ཆ་དེ་ཐོས་དུས།   བོད་ལྗོངས་ཀྱི་དེང་རབས་ན་གཞོན་གྱིས་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱེད་པ་ནི་རང་ཉིད་ཀྱི་འགན་འཁྲི་ཞིག་ཏུ་འཛིན་བཞིན་པ་རྟོགས་ཐུབ།
 
           བཅར་འདྲི་ཐེངས་འདི་ནི་གྲོགས་པོ་རྙིང་པ་གཉིས་ཀྱིས་སྤྲོ་སྣང་ལྡན་པའི་ང་ནས་ཁ་བརྡ་བྱེད་པ་དང་མཚུངས།   བཀྲ་ཤིས་བག་གྲོས་ཁ་པར་ལས་པར་ཚོམས་ཀྱི་ཁ་ཕྱེ་ནས་ཁོ་ཚང་གི་བོད་གྲི་བཟོས་པའི་འདྲ་པར་གསར་འགོད་པར་བསྟན།   བོད་གྲིར་རྣོ་ངར་ལྡན་ལ་འཇམ་པོ་ཡིན།   གྲི་ཤུབས་ཀྱི་སྟེང་མཛེས་ཤིང་ལྟ་ན་སྡུག་པའི་རི་མོ་བརྐོས་ཡོད་པས།   སྟོབས་ཤུགས་དང་རྒྱན་རིས་ཟུང་འབྲེལ་གྱི་མཛེས་པ་མངོན་ཡོད།
           བཀྲ་ཤིས་བག་གྲོས་ཡིད་ཆེས་ཀྱི་ཁེངས་ཏེ་བརྗོད་རྒྱུར།   “ང་ཚོའི་ལུང་པར་སྔར་ལས་མང་བའི་གཞོན་ནུ་རྣམས་ཀྱིས་ལག་རྩལ་འདི་སྦྱངས་བཞིན་ཡོད་པས།   ལག་ཤེས་བཟོ་རྩལ་རྒྱུན་ཆད་འགྲོ་བར་ང་ལ་སེམས་ཁྲལ་མེད།   ང་ཚོས་ངེས་པར་དུ་མི་རབས་འདིའམ་མི་རབས་རྗེས་མར་རྒན་རབས་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ།   མཁར་ལྟག་བོད་གྲི་དར་རྒྱས་གོང་འཕེལ་གཏོང་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད།”


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1