ལོ་སར་གྱི་སྟ་གོན།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-07


        ས་ཕོ་ཁྱི་ལོའི་བོད་ཀྱི་ལོ་གསར་ལ་ད་དུང་ཟླ་ཕྱེད་ཙམ་གྱི་དུས་ཚོད་ཡོད་མོད། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པ་ཡོངས་སུ“ལོ་གསར་གྱི་རྣམ་པས”ཁེངས་འདུག  2018 ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཏག་ཏག་ཉིན་གཅིག་ཏུ་ཁེལ་ཞིང་། ལྷོ་ཁ་གྲོང་ཁྱེར་གྱི་ལོ་གསར་གྱི་ཚོང་ཟོག་བཙོང་སའི་ཁྲོམ་རར་མི་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་པ་དང་། ཚོང་རྫས་ཀྱི་སྣ་མང་ཞིང་ཉོ་འཚོང་གི་བྲིན་ཆེན་པོ་རྒྱུགས་ཀྱི་ཡོད།
“ལོ་གསར་མེ་ཏོག”ནི་བོད་ཀྱི་ལོ་གསར་ལ་མེད་དུ་མི་རུང་བའི་དངོས་པོ་ཞིག་ཡིན་ཞིང་། དེ་ལོ་གསར་གྱི་སྐབས་སུ་གྲོ་སོ་ཕྱེ་མར་གྱི་ནང་དུ་གསེབ་སྟེ་ལོ་གང་བོར་ཆར་ཆུ་དུས་སུ་འབབ་པ་དང་། འབྲུ་རིགས་སྣ་ལྔ་ལོ་ལེགས་འབྱུང་བའི་གོ་དོན་མཚོན་གྱི་ཡོད།

བོད་ཀྱི་སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་ན། ལོ་རེའི་བོད་ཀྱི་ལོ་གསར་སྐབས་སུ་མི་རྣམས་ཀྱིས་ལུག་གཅིག་བཤས་ཏེ་དེའི་མགོ་བོ་མཆོད་རྫས་བྱེད་པ་དེར“ལུག་མགོ”ཟེར་ཞིང་དེས་ཕྱུགས་རིགས་དར་བའི་དོན་མཚོན་པ་ཡིན། ད་ལྟར་ཚོང་རའི་ནང་དུ་བཙོངས་པའི“ལུག་མགོ”མང་ཆེ་བ་ནི་ཅུ་གང་གིས་བཟོས་པ་རེད།

 བཟོ་རྩལ་ལས་ཐོན་པའི་ཁ་དོག་སྣ་ལྔའི་མེ་ཏོག་ཆུན་པོ།

 སྤུས་ལེགས་ཅན་གྱི་སྐུ་འདྲ།

ཀ་ར་རྣམ་པ་སྣ་ཚོགས།

དར་སྲོལ་གྱི་རྒྱུ་ཆ་འདྲེས་པའི་བོད་ལྷམ།

བྱིས་པའི་ལྭ་བའི་ཚོང་ཁང་གི་སྒོ་ཁར། ཕ་མ་གཉིས་ཀྱིས་བྱིས་པར་ལོ་གསར་སྐབས་སུ་གྱོན་པའི་ལྭ་བ་ཉོ་བཞིན་པ།

ལྷོ་ཁའི་ཞྭ་མོ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཞྭའི་རིགས་ཤིག་ཡིན་ཞིང་། ལོ་རེའི་ལོ་གསར་གྱི་སྐབས་སུ་མི་རྒན་པ་དང་བྱིས་པ་སོགས་གང་ཡིན་ཚང་མར་ཞྭ་མོ་གཅིག་ཉོ་བ་ཡིན། རི་མོ་འདི་ནི་བོད་ཞྭ་ཚོང་ཁང་ནང་དུ་ཨ་མ་ཞིག་གིས་བྱིས་པར་ཞྭ་མོ་གྱོན་ནས་ཚད་རན་མིན་ཚོད་ལྟ་བྱེད་ཀྱིན་པ་རེད།

ཕྱུར་བའི་ཚོང་ཁང་གི་སྒོ་ཁ་བརྒྱུད་པའི་ཨ་ཁུས་རུམ་དུ་ལོ་གསར་གྱི་མཁོ་ཆས་བཟུང་ཡོད།

བོད་ཞྭའི་ཚོང་ཁང་གི་སྒོ་ཁར་བུ་མོ་ཆུང་ཆུང་ཞིག་གིས་མཛེས་ཤིང་སྡུག་པའི་ཞྭ་མོ་གྱོན་པ། 

ཆེ་རྒྱུ་མེད་པའི་སྲོལ་རྒྱུན་གྱི་ལོ་གསར་མཁོ་ཆས་ཚོང་ཁང་དུ་མི་ཚོགས་ཀྱིས་ཁེངས་ཡོད།

ཚོང་པ་རྐུབ་སྟེགས་སྟེང་ལངས་ཏེ་ལམ་འགྲམ་གྱི་མི་རྣམས་ལ་རང་གི་རས་གདན་ངོམས་བཞིན་པ། 

བོད་ལྭ་ཚོང་ཁང་གི་ཚོང་བདག་གིས་དབྱུག་རིང་བཟུང་ནས་སྐུ་མགྲོན་གྱིས་བདམས་ཟིན་པའི་ལྭ་བ་མར་ལེན་བཞིན་པ།

ལོ་སྔོན་མ་དང་བསྡུར་ན་དར་རྒྱས་གོང་འཕེལ་བྱུང་བའི་ལོ་གསར་མཁོ་ཆས་ཚོང་རས་ཚོང་པ་རྣམས་ལ་ཡོང་འབབ་གྱ་ནོམ་པོ་ཞིག་འཁྱེར་ཡོང་།

ཀ་ར་བཙོང་མཁན་གྱི་ཚོང་པའི་གདོང་ལ་འཛུམ་མདངས་རྒྱས་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1