གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

ཚུལ་ཁྲིམས་བཟང་པོས་སྒྲིག་སྒྱུར་བྱས།​ རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༢ཚེས་༠༧ཉིན།

༄༅།། ཁྲག་ཤེད་མཐོན་པོ་ཅན་གྱིས་བཟའ་མི་རུང་བའི་ཟས་རིགས།

ཚུལ་ཁྲིམས་བཟང་པོས་སྒྲིག་སྒྱུར་བྱས།
        གོམས་སྲོལ་ངན་པའི་བཟའ་བཏུང་གིས། །མི་ཡི་བདེ་ཐང་བཅོམ་པར་བྱེད། །དེ་ལས་ཀྱང་ཁྲག་ཤེད་མཐོ་བའི་ནད་པ་ཞིག་ལ་བཟའ་བཏུང་གི་གོམས་སྲོལ་ལེགས་པོ་ཞིག་མེད་ན། ནད་གཞི་ཇེ་ལྕི་རུ་འགྲོ་སླ་ཞིང་ནད་རྟགས་མང་པོ་འབྱུང་སྲིད། དེ་བས་བཟའ་བཏུང་ནི་ཁྲག་ཤེད་མཐོ་བའི་ནད་པ་ལ་མཚོན་ན་ཤིན་ཏུ་གལ་ཆེ་བས། ང་ཚོས་ངེས་པར་དུ་ཁྲག་ཤེད་མཐོན་པོ་ཅན་གྱིས་བཟའ་མི་རུང་བའི་ཟས་རིགས་གང་དག་ཡིན་པར་རྒྱུས་ལོན་བྱ་དགོས་ཏེ།
1.ཐཱན་ཆུའི་འདྲེས་སྦྱོར་གྱི་བཟའ་ཆས།
        ཐཱན་ཆུའི་འདྲེས་སྦྱོར་གྱི་ཟས་རིགས་ལས་ཞོག་ལྷེབ་དང་སྲན་སྐམ་གྱི་རིགས། ཚྭ་ལྡན་མཛོ་སྣ། ཚྭ་ལྡན་སྦྲང་གོར། ཨེ་མ་དང་ཚྭ་འདྲེས་པའི་སྦྲང་གོར་སོགས་བཟའ་མི་རུང་ལ། ཟས་རིགས་དེའི་རིགས་ལ་ཚ་ཚད་མཐོ་བས། གཟུགས་པོའི་ནང་དུ་ཚ་ཚད་མོད་པོ་གསོག་ཉར་བྱས་ནས་ཚིལ་བསྐྱེད་དེ། ཁྲག་ཤེད་མཐོ་བའི་ཉེན་ཁ་འཕར་སྣོན་བྱེད་པའི་ཉེན་ཁ་ཆེ།
2.ཤ་དང་ནང་ཆའི་རིགས་ཀྱི་བཟའ་ཆས།
        ཤའི་རིགས་ཀྱི་ཁྲོད་ཁྲག་ཤེད་མཐོན་པོ་ཅན་གྱི་བཟའ་མི་རུང་བ་ནི་ཤ་ཚོན་པོ་དང་རུས་གཏུབ། ཉ་ཤ སྲོག་ཆགས་ཀྱི་མཆིན་པ་དང་ཀླད་པ་སོགས་ཡིན།
3.ལས་སྣོན་བྱས་པའི་བཟའ་ཆས།
        ལས་སྣོན་བྱས་པའི་ཤའི་རིགས་ལས་ཤ་བསྲེགས་མ་དང་དུད་ཤ། ཕག་རྒྱུ། མེ་ཀྲུམ། ཤ་སད་སོགས་བཟའ་མི་རུང་།
བ་ཚྭ་ལྡན་པའི་ཟས་རིགས་ལས་ཚྭ་མང་བའི་ཤ་དང་ཉ་ཤ ཚྭ་ལྡན་ཆུ་བྱའི་ཤ་དང་། ཚྭ་དང་སྣུམ་མང་པའི་ཉ་ཤ བསྙལ་ཚལ་རིགས་སོགས་བཟའ་མི་རུང་་བ་དང་མགྱོགས་ཟས་རིགས་ལས་མགྱོགས་ཐུག་དང་ཞོག་གཤར་སྣུམ་བཙོས། གྲོ་གཤར་སྣུམ་བཙོས། འབྲས་ཡོས་སོགས་བཟའ་མི་རུང་། ལྕགས་ཀྲིན་ཟས་རིགས་ལས་ཟོག་ཤའི་ལྕགས་ཀྲིན་དང་ཉ་ཤའི་ལྕགས་ཀྲིན་སོགས་བཟའ་མི་རུང་།
4.སྔོ་ཚལ་རིགས་ཀྱི་བཟའ་ཆས།
        ཀྲ་ཚལ་དང་གོ་སྙོད། ཀན་ཚལ། ཚོད་མ་ཞུའེ་ལི་ཧུང་སོགས་ཟ་ཚད་ཇེ་ཉུང་དུ་གཏང་དགོས་པ་དང་། གཞན་ཡང་བསྙལ་ཚལ་དང་སྔོ་ཚལ་ལྕགས་ཀྲིན། (མ་རྨོས་ལོ་ཏོག་ལྕགས་ཀྲིན། ཤ་མོང་ལྕགས་ཀྲིན། སྔོ་ཚལ་ཁུ་བའི་ལྕགས་ཀྲིན། ཚྭ་ལྡན་ཀྲོ་མ་ཀྲུའི་ཁུ་བ།) བསིལ་གར་ཆེ་བའི་སྔོ་ཚལ་གྱི་རིགས་ལས་འུ་སུ་དང་ཙོང་། སྐེ་ཚེ། སྐེ་ཚེ་ཕྱེ་མ་སོགས་བཟའ་མི་རུང་ལ། ད་དུང་སྲ་ཞིང་མཁྲེགས་པའི་སྔོ་ཚལ་ལས་བྱི་བཟུང་གི་གཞུང་རྟ་དང་སྨྱུག་གསར། སྲན་མ་སོགས་བཟའ་མི་རུང་།
5.སྣུམ་དང་ཚིལ་གྱི་རིགས་ཀྱི་བཟའ་ཆས།
        སྣུམ་དང་ཚིལ་མང་པའི་ཟས་རིགས་ལས། ནོར་ཚིལ་དང་ཕག་ཚིལ། སྣུམ་དང་ཚིལ་སྐྱུར་མང་བའི་མར་སོགས་ཟས་ན་མིའི་དོན་སྣོད་ཚིལ་གསོག་ཉར་བྱེད་པའི་སྣོན་དུ་འགྱུར་ཉེན་ཡོད་པས། ཁྲག་ཤེད་མཐོན་པོ་ཅན་གྱིས་བཟའ་མི་རུང་།
6.བཏུང་ཆས་ཀྱི་རིགས།
        ཆང་གི་རིགས་ལས་སྦི་རག་དང་ཆང་དཀར། རྒུན་ཆང་སོགས་བསིལ་གར་ཆེ་བའི་ཆང་རག་ཇེ་ཉུང་གཏང་དགོས་པ་དང་། གཞན་ཡང་ཁོ་ཧྥེ་མངར་མོ་དང་ཇ་དམར་མངར་མོ། ཐན་སྐྱུར་བཏུང་ཆུ་སོགས་བཏུང་མི་རུང་། ཁྲག་ཤེད་མཐོ་བའི་ནད་པས་འཛེམ་དགོས་པའི་ཟས་རིགས་འདི་དག་ཤེས་རྗེས། ནད་པས་འཚོ་བའི་གོམས་གཤིས་དང་བཟའ་བཏུང་སྤྱོད་གསུམ་ལ་དོ་སྣང་ལེགས་པོ་བྱས་ན། ཁྲག་ཤེད་ཀྱིས་མིའི་ལུས་ཕུང་ལ་ཐེབས་པའི་གནོད་འཚེ་ཇེ་ཡང་དུ་གཏོང་ཐུབ་བོ། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1

0.2933s