གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༢ཚེས་༡༢ཉིན།

ཞི་ཅིན་ཕིང་གིས་ལིའང་ཧྲན་གྱི་སྡེ་མི་ལ་ཕྱུག་འགྱུར་གྱི་མཛུབ་སྟོན་གནང་བ།

         སྤྱི་ཟླ་2པའི་ཚེས་11ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་དུ་རྟོག་ཞིབ་གནང་བཞིན་པའི་ཞི་ཅིན་ཕིང་ལིའང་ཧྲན་གྱི་ཧྲའོ་ཅུའེ་རྫོང་ཧྲན་ཁྲ་ཧོ་ཞང་གི་ཧྲན་ཧོ་སྡེ་བར་ཕེབས། ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་དེ་ཁོང་གིས་དབུལ་ཕོངས་ཁྱིམ་ཚང་སོ་སོར་འཚམས་འདྲི་མཛད་ཅིང་། སྡེ་མིའི་འཐུས་མི་དང་སྡེ་བར་བཅའ་སྡོད་བྱས་པའི་དབུལ་སྐྱོར་ལས་ཀའི་རུ་ཁག་དང་མཉམ་དུ་བཞུགས་མོལ་བགྲོ་གླེང་གནང་ནས་ས་གནས་དེ་གའི་ཁྱད་ཆོས་དང་འབྲེལ་ཏེ་སྡེ་མི་རྣམས་ལ་ཕྱུག་འགྱུར་གྱི་མཛུབ་སྟོན་གནང་། ཁོང་གིས་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་ནི་ང་ཚོའི་འབད་བརྩོན་གྱི་དམིགས་ཡུལ་ཡིན་ཞིང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གོ་རིམ་ཁྲོད་མི་རིགས་དང་ཁྱིམ་ཚང་། མི་བྱེ་བྲག་པ་གཅིག་ཀྱང་ཆད་ལུས་བྱུང་དུ་འཇུག་མི་རུང་ཞེས་བསྟན།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1

0.2950s