བོད་ཀྱི་གླུ་ཚིག་རྩོམ་པ་པོ་གྲགས་ཅན་ཞིག་གི་གླུ་ཚོགས་དགྱེས་འཛོམས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-16


        ཀྲུང་གོ་བོད་གླུའི་པང་གི་ཞེན་མི་རྣམ་པ་སྐུ་ཁམས་བཟང་།  2018ལོའི་《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》ཀྱི་ལེ་ཚན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག 2018ལོའི་《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》སྐབས་གཉིས་པ་མི་འགྱངས་བར་སྤེལ་རྒྱུ་ཡིན་ཞེས་ཁྱེད་ཅག་ལ་འཕྲིན་ཞིག་བསྐུར་བ་ཡིན། 
སྔོན་ལ་ང་ཚོས་པར་རིས་འགའ་བརྒྱུད་ནས་ཐེངས་སྔོན་མའི་ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས་དང་ཆེད་སྒྲིག་ལེ་ཚན་སྐོར་ལ་རྒྱུས་ལོན་ཞིག་བྱེད། 

        2017ལོའི་《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》སྐབས་གཉིས་པའི་སྟེང་ལ་བོད་ཀྱི་མིང་དུ་གྲགས་པའི་གཞས་ཚིག་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན་ངག་དབང་དབང་གྲགས་ལགས་གདན་འདྲེན་ཞུས་ཡོད་ལ། ལྷག་པར་དུ་ཁོང་ཉིད་ནི་ངེད་ཁམས་པའི་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས》ཀྱི་དམིགས་བསལ་ལེ་ཚན྇་《གླུ་ལེན་ན་ལོ་གསར་ཚེས་དུས་ལེན།》ཞེས་པའི་འགྲན་སྡུར་གྱི་དཔྱད་བསྐོས་པ་ཡང་ཡིན།  ཁོང་གི་བརྩམས་ཆོས་དུ་མ་ཀྲུང་གོ་བོད་གླུའི་པང་གི་རིམ་སྒྲིག་ཁྲོད་རྒྱ་ཆེའི་ཉན་མཁན་དག་གི་དགའ་བསུ་ཆེན་པོ་འཐོབ་བཞིན་ཡོད། དེ་བས་ཆེད་དུ་ཁོང་གི་གཞས་ཚིག་བརྩམས་ཆོས་གྲགས་ཅན་འགའ་དང་སྦྲགས་ཏེ་ངག་དབང་དབང་གྲགས་ལགས་ཀྱི་གླུ་ཚོགས་འདི་བསྡུས་པ་ཡིན། 

        ཁོང་གི་ཚབ་མཚོན་བརྩམས་ཆོས་ལ《ཨ་མའི་པགས་ཚགས》དང《ལས་དབང་།》སོགས་ཡོད་ཅིང་། བརྙན་འཕྲིན་བརྩམས་ཆོས་ལ《གནས་མཆོག་ཡུལ་ཤུལ》སོགས་དུ་མ་ཡོད།

        ཐེངས་འདིའི་གླུ་ཚོགས་ལ་ཆེད་དུ་ངག་དབང་དབང་གྲགས་ལགས་ཀྱི་གཞས་ཚིག་དབྱངས་ལ་བཀུག་མྱོང་བའི་བོད་ཀྱི་མིང་དུ་གྲགས་པའི་གཞས་པ་གཞས་མ་འགའ་ཤས་གདན་འདྲེན་ཞུས་ཡོད་ལ། དེའི་ཁྲོད་དུ་ཆོལ་གསུམ་བོད་མིར་རྒྱུས་མངའ་བའི་གཞས་མ་དབྱངས་ཅན་ལྷ་མཛེས་དང་། ཁམས་དཀའ་མཛེས་འདབ་པ་ནས་ཐོན་པའི་གཞས་པ་གྲགས་ཅན་ཚུལ་ཁྲིམས་རྒྱ་མཚོ། མགོ་ལོག་ནས་ཕེབས་པའི་ཁ་བའི་མེ་ཏོག་ཚན་སྡེབ་སོགས་ཀྱིས་གླུ་ཚོགས་ཀྱི་གར་སྟེགས་བརྒྱུད་ནས་ཁྱེད་ཅག་ལ་ལྟད་མོ་གྱ་ནོམ་པ་ཞིག་ངོམ་རྒྱུ་རེད།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1