རྔ་བ་ཁུལ་གྱིས་ཐབས་ལམ་མང་པོ་སྤྱད་དེ2018ལོའི་ཐན་འགོག་ལས་དོན་སྤེལ།

ཆོས་རྒྱས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 04-18


        ཉེ་བའི་ཆར་གསར་འགོད་པས་ཁུལ་ཆུ་བེད་ཅུས་ནས་རྒྱུས་ལོན་པ་ལྟར་ན། རྔ་བ་ཁུལ་གྱིས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་2018ལོའི་ཐན་འགོག་ལས་དོན་སྤེལ་བ་རེད། 

        དབུལ་ཕོངས་བ11723ཀྱི་བཏུང་ཆུའི་བདེ་འཇགས་ཀྱི་འགན་འཁུར་གཙོ་བོ་གྲུབ་ཟིན་པ་དང་། ད་ལོར་ཞིང་གྲོང་གི་བཏུང་ཆུའི་བདེ་འཇགས་མཐོ་རུ་འདེགས་པར་ཀྲུང་དབྱང་སྔོན་རྩིས་མ་དངུལ་སྒོར་5100ལོན་པ་དང་། ད་ལྟ་ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོས་ལག་བསྟར་གྲོས་ཡིག་སྒྲིག་བཟོ་དང་ཞིབ་བཤེར་བྱེད་ཀྱིན་པའི་སྒང་ཡིན། 

        ཞིང་རྣང་གི་ཆུ་བེད་སླར་གསོ་དང་སྲུང་སྐྱོང་གི་ཕྱིར་དུ་རྔ་བ་ཁུལ་དུ་ཀྲུང་དབྱང་དང་ཞིང་ཆེན་ནོར་སྲིད་ཆུ་བེད་གོང་འཕེལ་གྱི་མ་དངུལ་སྒོར་ཁྲི3460བཏང་འདུག ཁུལ་ཡོངས་ཀྱི་ཞིང་ཁའི་ཆུ་བེད་སྒྲིག་ཆས་ཞིག་གསོ་དང་སྲུང་སྐྱོང་བྱས་ཏེ་ས་ཞིང་མུའུ51490སླར་གསོའི་འཆར་གཞི་ཡོད་ལ། ད་ལྟ་མ་དངུལ་བསྡུ་སྒྲིག་ཚར་བའི་གཞན་དུ་རྫོང་ཁག9ཡིས་ལག་བསྟར་གྲོས་ཡིག་ལ་ཞིབ་བཤེར་བྱེད་བཞིན་ཡོད། ཆུ་བེད་ལས་གཞི་འབྲིང་བའི་རྣང་མའི་ཆུ་རྐའི་ལྷུ་ལག་གི་རྣམ་གྲངས་མགྱོགས་སུ་བསྐྲུན་པ་དང་། བཙན་ལྷ་དང་ཁྲོ་ཆུ་སོགས་སུ་མགྱོགས་པོར་འགྲུབ་པར་སྐུལ་འདེད་བྱས། ཟླ3པའི་མཇུག་བར་དུ་ཁྱོན་མ་དངུལ་སྒོར་ཁྲི4800བཏང་ནས་ཆུ་ཆེན་དང་རྔ་བར་ཐོག་པའི་ཞིབ་བཤེར་ལས་དོན་གྲུབ་ཟིན། 
      ཕན་པ་ཆེ་ལ་ཆུ་གྲོན་པའི་ཆུ་འདྲེན་རྣམ་གྲངས་གོང་དུ་སྤེལ་ཏེ་འབར་ཁམས་དང་། ཆུ་ཆེན། བཙན་ལྷ། ལིས་རྫོང་། ཟུང་ཆུ་བཅས་སུ་ཁྱོན་ཀྲུང་དབྱང་ཆུ་བེད་མ་དངུལ་སྒོར་ཁྲི4000ལྷག་བཏང་སྟེ། ས་ཞིང་མུའུ16400རུ་ཆུ་དྲངས་པ་དང་། ཟླ3པའི་མཇུག་བར་དུ་བཙན་ལྷ་རྫོང་གིས་འཛུགས་སྐྲུན་གྱི་ལས་མགོ་བརྩམས་ཟིན་པ་དང་། དེ་ལས་གཞན་པའི་རྫོང་ཁག་དག་གིས་རྣམ་གྲངས་བསྐྲུན་མཁན་འཚོལ་བཞིན་པའི་སྒང་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1