རིག་གནས་གཞི་རིམ་དུ་བསྐྱོད་དེ་དཀར་མཛེས་མང་ཚོགས་ལ་ཏང་གི་སྲིད་ཇུས་བཟང་བོ་བསྒྲགས་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-17


        ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཏང་ཨུ་དང་།དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། དཀར་མཛེས་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཅུའུ་ཡིས་འགན་སྒྲུབ་བྱས་པའི“2018ལོའི་དཀར་མཛེས་ཁུལ་གྱི་ཕུལ་བྱུང་རིག་རྩལ་འཁྲབ་སྟོན་གཞི་རིམ་དུ་བསྐྱོད་པ”ཞེས་པའི་སྐོར་འཁྲབ་བྱ་འགུལ་བྲག་མགོ་རྫོང་གི་ཤང་དང་གྲོང་རྡལ་ཁ་ཤས་སུ་རིག་གནས་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་རྒྱ་ཆེར་སྤེལ་ནས་རྒྱ་ཆའི་ཞིང་འབྲོག་མང་ཚོགས་ལ་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་བསྐྱལ་ཡོང་།

        ལྟད་མོར་གཟིགས་པའི་མང་ཚོགས་ཀྱིས་དགའ་སྤྲོས་ངང་བཤད་རྒྱུར། “གླུ་གར་འཁྲབ་སྟོན་གྱི་བྱེད་ཐབས་བརྒྱུད་དེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། ཚོགས་ཆེན་གཉིས་ཀྱི་དགོངས་དོན། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་སོགས་ལ་རྒྱུས་ལོན་གཏིང་ཟབ་བྱས་སོང་ཟེར།

        དུས་ཡུན་ཉིན2རིང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་པ་དག་གིས་རིག་གནས་གཞི་རིམ་དུ་བསྐྱལ་ནས་དམངས་འཚོར་ཕན་པ་སྒྲུབ་སྟེ། བྲག་མགོ་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་རིག་རྩལ་འཁྲབ་སྟོན་སྐོར་ཐེངས4སྤེལ་ནས“ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན”ཁྱབ་བསྒྲགས་བྱས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1