མཛོད་དགེ་རྫོང་གིས་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་བདག་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


        རི་མཐོ་ཆུ་གཙང་གི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་བདག་སྐྱོང་གང་ལེགས་བྱེད་ཆེད་ཉེ་སྔོན་མཛོད་དགེ་རྫོང་མི་དམངས་སྲིད་གཞུང་གིས་རྫོང་ཕྱུགས་ལས་ཆུ་བེད་ཅུས་དང་སྤྱི་བདེ་ལས་ཁུངས།རྒྱལ་ས་ཐོན་ཁུངས་ཅུས།ཁོར་སྲུང་ནགས་ལས་ཅུས་སོགས་ལ་རྩ་འཛུགས་བྱས་ནས་ཁྲིམས་དང་མི་མཐུན་པའི་རྡོ་བརྐོ་བྱེ་སློག་གི་ལས་རིགས་ལ་དག་ཐེར་བྱས་ཏེ་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་བདག་སྐྱོང་གནང་། 
        ཁྲིམས་འཛིན་ལག་བསྟར་མི་སྣ་དག་ལ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཐང་ཡུས་ཞིན་གྱིས་སྡེ་ཁྲིད་འོག་ཐང་སྐོར་དང་བྱམས་མེ་གྲོང་རྡལ།ཆུ་དཀར་ཕྱུགས་ར། བྱམས་མེ་ཕྱུགས་ར་སོགས་ལ་སྐྱོད་ནས་ཁྲིམས་དང་མི་མཐུན་ཞིང་རང་བྱུང་སྐྱེ་ཁམས་ཁོར་ཡུགལ་གནོདན་གནོད་པའི་རྡོ་བརྐོ་བྱེ་སློག་གི་ལས་རིགས་ལ་ཉིན་གཉིས་རིང་དག་ཐེར་བྱས། 
        རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ལས་འགུལ་ནི་ཚན་པ་གསུམ་ལ་བགོས་ནས་ཁྲིམས་ལུགས་ལག་བསྟར་བྱེད་བཞིན་ཡོད། རྡོ་བརྐོ་བྱེ་སློག་ནི་མཛོད་དགེ་རྫོང་གི་2018ལོའི་དོན་ཚན་20བའི་དགོངས་དོན་ལྟར་འགུལ་སྐྱོད་བྱས་ཏེ་ཉེ་སྔོན་ཁྲིམས་དང་མི་མཐུན་པའི་རྡོ་བརྐོ་བྱེ་སློག་གི་ལས་རིགས་ལས་མཚམས་བཞག ཚན་ཆུང་གཉིས་པའི་ཁྲིམས་ལུགས་ལག་བསྟར་ཚོ་ཆུང་གིས་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་རྫོང་གི་མངའ་ཁུངས་ན་ཁྲིམས་འགལ་ལས་རིགས་བྱེད་སར་སྒོ་རྒྱག་པ་དང་གློག་གཅོད་པ་སོགས་ཁོར་ཡུག་སྲུང་སྐྱོང་དང་མི་མཐུན་པའི་ལས་རིགས་ལས་མཚམས་བཞག་སྟེ་སྐྱེ་ཁམས་ཁོར་ཡུག་བདག་ལ་བདག་སྐྱོང་བྱེད་དགོས་པའི་འདུ་ཤེས་མཐོར་འདེགས་སུ་བཏང་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1