ལིས་རྫོང་གི་སྤྲིན་གསེབ་ཕྱུགས་རས་ཡུལ་སྐོར་བ་མང་བོའི་ཡིད་སེམས་བཀུག

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-21


        དབྱར་ཁ་ཐོན་པ་ནས་བཟུང་རྒྱལ་ཡོངས་ས་ཆ་སོ་སོའི་དྲོད་ཚད་ཇེ་མཐོར་ཕྱིན་པ་དང་།མི་རྣམས་ཀྱིས་ས་ཆ་བསིལ་མོར་ཡུལ་སྐོར་བྱེད་འདོད་ཆེན་པོ་སྐྱེས་ཏེ།ཉིན་འདི་དག་ལ་ལིས་རྫོང་གི་སྤྲིན་གསེབ་ཕྱུགས་རར་ཡུལ་སྐོར་བ་མང་བོ་ཐོན་ཡོད།

        སྤྲིན་གསེབ་ཕྱུགས་རར་འབྱོར་བ་ན་མིག་མདུན་དུ་སྔོ་ལྗང་གི་རི་ཀླུང་དང་སྔོ་བསངས་ཀྱི་ནམ་མཁའ་མངོན་པ་དང་དྭངས་གཙང་གི་མཁའ་དབུགས་ཀྱིས་ལུས་སེམས་བདེ་རུ་འཇུག་ཐུབ།ཁྲིན་ཏུའུ་དང་ཏུའུ་ཅང་ཡན་སོགས་ནས་གནས་འདི་རུ་ཐག་ཉེ་བས་འདིར་ཡོང་ནས་སྤྲོ་གསེང་བྱེད་པ་ནི་གདམ་ཀ་ལེགས་པོ་ཞིག་ཡིན་ལ་གནས་འདི་རུ།གདོད་མའི་དུས་ཀྱི་སྐྱེ་ཁམས་ཁོར་ཡུག་སོགས་ཀྱིས་ཡུལ་སྐོར་བའི་ཡིད་དབང་རྣམ་པར་འཕྲོག་པ་རེད། 
        རྒྱུས་ལོན་པ་ལྟར་ན་ལོ་འདི་དག་གི་རིང་ལ།ལིས་རྫོང་གིས་ཡུལ་སྐོར་གྱི་དཔེ་སྟོན་རྫོང་འཛུགས་སྐྲུན་དང་སྤྲོ་གསེང་ཡུལ་སྐོར་གཙོ་གནད་དུ་བཟུང་ནས་གྲོང་རྡལ་དང་ཕྱོགས་བསྡུས་རང་བཞིན་གྱི་ཡུལ་སྐོར་གནས་ཡུལ་འཛུགས་སྐྲུན་བྱས་པ་སོགས་ཀྱིས་དབྱར་ཁར་ལིས་རྫོང་གི་ཡུལ་སྐོར་བ་ཇེ་མང་དུ་སོང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1