བོད་ཁུལ་གྱི་རོལ་ཚོགས་མཉམ་སྡེབ་འཁྲབ་སྟོན་“དབྱངས་ལམ་དཀར་”སྐབས་དང་པོ་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-21


        གཡུ་འབྲུག་སྒྲ་བརྙན་རིག་གནས་ལས་སྒྲུབ་ཁང་དང་སི་ཁྲོན་མཎྜལ་གློག་བརྙན་སྨྱན་བྱད་གཉིས་ཀྱིས་མཉམ་སྒྲུབ་སྒོས་སྤེལ་བའི་བོད་ཁུལ་གྱི་རོལ་ཚོགས་མཉམ་སྡེབ་འཁྲབ་སྟོན་“དབྱངས་ལམ་དཀར་”སྐབས་དང་པོ་དེ་ཟླ་6པའི་ཚེས་8ཉིན་གྱི་དགོང་མོ་ཆུ་ཚོད་19ཡི་ཐོག་《ངག་དབང་ལྷ་མོའི་བསྟོད་གཞས》ཞེས་པའི་འགྱུར་ཁུགས་དང་བསྡོངས་ནས་ཁྲེན་ཏུའུ་རུ་སྤྲོ་དགའི་ངང་འཚོགས། འཁྲབ་སྟོན་ཆུ་ཚོད་3ལྷག་གི་སྙན་དབྱངས་དང་འགྲོགས་ནས་མཐར་གཡུ་འབྲུག་ཚན་སྡེབ་ཀྱི་རྨ་ཁུག་རྟ་མཆོག་གི་སྙན་འཇེབས་འགྱུར་ཁུགས་ཁྲོད་རེ་ཞིག་རྫོགས། 

        བོད་ཁུལ་གྱི་རོལ་ཚོགས་མཉམ་སྡེབ་འཁྲབ་སྟོན་“དབྱངས་ལམ་དཀར་”ནི་ཆོལ་ཁ་གསུམ་རིས་མེད་ནས་ཐོན་ཞིང་དངོས་ལེན་དངོས་འཁྲབ་ཀྱི་རྣམ་པའི་འཁྲབ་སྟོན་དགྱེས་འཛོམས་ཤིག་ཡིན་ལ། བོད་གཞས་ཀྱི་འོད་མདངས་ཕྱོགས་སུ་མཆེད་ཅིང་ཀུན་ཏུ་འཚེར་བའི་ངག་དབང་འཁོར་བའི་གར་སྟེགས་ཤིག་ཀྱང་ཡིན། 

         བོད་གཞས་ནི་བོད་ཀྱི་རིག་གནས་དང་འཚོ་བ་མཚོན་པའི་སྒྱུ་རྩལ་གྱི་ལམ་ཁ་ཞིག་ཡིན་པས། གར་སྟེགས་འདི་བརྒྱུད་ནས་ང་ཚོས་བོད་རང་གི་གཞས་དབྱངས་རིག་གནས་བརྒྱུད་སྒྲོག་དང་འགྲོགས་ནས། སྔར་བས་ཆེད་ལས་ཅན་དང་ཁྱད་འཕགས་ཅན་གྱི་བོད་གཞས་གསར་རྩོམ་གྱི་ལམ་ཁ་ཡངས་པོར་འབྱེད་ཆོག 

         སྔ་གཞུག་བར་གསུམ་གྱི་དཀའ་ཁག་ཁྱད་དུ་བསད་ནས་འཁྲབ་སྟོན་གྱི་ཡོལ་བ་སིམ་དུས། སྟོན་འབྲས་ཁུར་དུད་ཀྱི་གྲུབ་འབྲས་འདི་ནི་དེར་གནས་པའི་ལས་བཟོ་པ་རེ་རེ་དང་གླུ་པ་རེ་རེ། ད་དུང་སྟོན་མོ་རེ་རེ་ཐམས་ཅད་ཐུན་མོང་ལ་དབང་ཞིང་། མ་འོངས་པའི་བོད་གཞས་ཀྱི་ལམ་ཁ་ཡང་ང་ཚོ་ཐུན་མོང་གི་དཔུང་བ་མཉས་བཤིབ་དང་ཐེག་པ་འཁུར་བླངས་ཀྱི་འོས་འགན་ལ་ཐུག་ཡོད། 

        མཇུག་མཐར། ཐེངས་འདིའི་བོད་གཞས་རོལ་ཚོགས་ཀུན་མཉམ་འཇོམས་ཀྱིས་བོད་གཞས་ཀྱི་འཁྲབ་སྟོན་རྣམ་པ་ནས་རོལ་ཆའི་སྡེབ་སྒྲིག ཚིག་ནས་དབྱངས་སོ་སོ་ལ་རང་རང་གིས་བརྗོད་པ་སྤེལ་ཞིང་རེ་འདུན་གླེང་། འདི་ཉིད་ཀྱང་“དབྱངས་ལམ་དཀར་”ནས་ཕུལ་བའི་བོད་ཀྱི་གཞས་དབྱངས་སྟེགས་བུར་ཕུལ་བའི་“ལེགས་སྐྱེས”་ཤིག་ཏུ་འདོད། 


  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1