ཧུང་ཡོན་རྫོང་གིས་སྡེ་ཁུལ་འདུམ་འགྲིག་པའི་ཟབ་སྦྱོང་ཚོགས་འདུ་འཚོགས།

ཏཱ་རེ་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་གསར་འགྱུར་ཁང་། སྤེལ་དུས། 06-25



     གོམ་གང་མདུན་སྤོས་སྒོས་མི་དམངས་འདུམ་འགྲིག་ལས་དོན་གྱི་ཆུ་ཚད་མཐོར་འདེགས་དང་། མི་དམངས་འདུམ་འགྲིག་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད། མི་དམངས་འདུམ་འགྲིག་པའི་ཐོག་མའི་འགོག་ནུས་འདོན་སྤེལ་བྱེད་ཆེད། ༢༠༡༨ལོའི་ཟླ༦པའི་ཚེས༡༤ཉིན་ནས་ཚེས་༡༥ཉིན་བར། ཧུང་ཡོན་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་པད་དཀར་ཕྲེང་བའི་གསོལ་མགྲོན་ཁང་དུ་ཉིན་གཉིས་རིང་ལ་སྡེ་ཁུལ་མི་དམངས་འདུམ་འགྲིག་པའི་ཟབ་སྦྱོང་ཚོགས་འདུ་འཚོགས་པ་རེད། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭར་གཞི་རིམ་ཁྲིམས་འཛིན་ཁང་སོ་སོའི་སའོ་ཀྲང་དང་ཁྲིམས་འཛིན་ལས་རོགས་པ། དེ་མིན་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་མི་དམངས་འདུམ་འགྲིག་པ་བཅས་ཁྱོན་མི་༡༠༣ཞུགས་ཡོད།  
     ཟབ་སྦྱོང་ཚོགས་འདུའི་ཕྱོགས་ཡོངས་ནས་མི་དམངས་འདུམ་འགྲིག་པའི་ཆབ་སྲིད་བྱང་ཚད་དང་། འདུམ་འགྲིག་ནུས་པ། ཐབས་ཤེས་སོགས་ཀྱི་ཐད་ལ་ཤུགས་སྣོན་བྱེད་པར་དམིགས་ཏེ། ཧུང་ཡོན་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཉན་དོན་དང་། ཧུང་ཡོན་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ་ཨ་ལྡན། ཧུང་ཡོན་རྫོང་ཁྲིམས་འཛིན་ཅུས་ཨ་མཆོག་གྲོང་རྡལ་ཁྲིམས་འཛིན་ཁང་གི་འགོ་གཙོ་ཏཱ་རེ་ལྷ་མོ་སོགས་ཀྱིས་སྔ་གཞུག་ཏུ་《བདེ་འཇགས་དོ་དམ་བཅའ་ཁྲིམས།》《ཉེས་ཁྲིམས། 》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འདུམ་འགྲིག་བཅའ་ཁྲིམས།》《མི་དམངས་འདུམ་འགྲིག་ཁྲོད་གནས་པའི་གནད་དོན་དང་བྱེད་ཐབས།》《ཉེས་དོན་ཞོལ་འབྲེལ་དམངས་དོན་སྐྱིན་ཚབ་ཚད་གཞི།》སོགས་ཀྱི་ཐད་ནས་སློབ་ཁྲིད་གྱ་ནོམ་པ་བྱས་ནས། ཟབ་སྦྱོང་གི་ནང་དོན་ལ་ཁ་གཏད་རང་བཞིན་དང་ལག་ལེན་རང་བཞིན་ལྡན་པར་བྱས།
     ཐེངས་འདིའི་ཟབ་སྦྱོང་བརྒྱུད། མི་དམངས་འདུམ་འགྲིག་པའི་འདུམ་འགྲིག་ལས་གཉེར་ཆུ་ཚད་ཇེ་མཐོར་སོང་ཡོད་ལ། མི་དམངས་འདུམ་འགྲིག་ལས་དོན་གྱི་ཁ་ཕྱོགས་གསལ་བོར་བྱས་ཡོད་པ་མ་ཟད་མི་དམངས་འདུམ་འགྲིག་ནུས་རྩལ་གོམ་གང་མདུན་སྤོས་ཀྱིས་ཇེ་མཐོར་བཏང་། དེ་ཡང་ཟབ་སྦྱོང་དུ་ཞུགས་པའི་འདུམ་འགྲིག་པ་ཚོས་རྗེས་ཕྱོགས་རང་རྫོང་གིས་མི་དམངས་འདུམ་འགྲིག་ལས་དོན་སྐོར་གྱི་ཟབ་སྦྱོང་ཐེངས་མང་བོར་སྤེལ་བའི་རེ་ཞུ་ཡང་ཡང་བཏོན་པ། ཟབ་སྦྱོང་གི་ནང་དོན་གོ་བདེ་ལ། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་ཏེ། གནད་དུ་འཁེལ་བའི་གྱོད་དཔེ་དབྱེ་ཞིབ་དང་མང་ཚོགས་ཉེ་འགྲམ་གྱི་གནད་དོན་འགྲེལ་བཤད་བྱས་པས། བེད་སྤྱོད་རང་བཞིན་ཆེས་ཆེར་ལྡན་ལ། ཁོ་ཚོའི་རྗེས་ཕྱོགས་ཀྱི་འདུམ་འགྲིག་ལས་དོན་ཐད་དཔྱད་གཞི་འཛིན་ས་དང་སྣེ་ཁྲིད་ཀྱི་དོན་སྙིང་མཆིས་སོ།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1