༄༅།། ཇ་གར་པོ་བཏུངས་དྲགས་ན་བདེ་ཐང་ལ་གནོད་འཚེ་ཆེ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 06-25


        ཇ་ནི་མི་རྣམས་ཀྱི་འཚོ་བའི་ནང་མེད་དུ་མི་རུང་བའི་བཏུང་བྱ་ཞིག་ཡིན་པ་དང་། འཛམ་གླིང་ཐོག་ཨ་རག་གི་ཉིང་ཁུ་མ་ལྡན་པའི་བཏུང་བྱ་གསུམ་གྱི་གྲས་ཤིག་རེད། རང་རྒྱལ་དུ་ལོ་ངོ་4000ལྷག་གི་ཇའི་ལོ་རྒྱུས་ལྡན་ཡོད། ཇ་འཐུང་བ་ནི་དེང་སྐབས་མི་མང་པོའི་གོམས་གཤིས་སུ་གྱུར་མོད། འོན་ཀྱང་ཇ་གར་པོ་རྒྱུན་དུ་བཏུངས་ན་རུས་སོབ་ཀྱི་ནད་དང་ཁྲག་ཤེད་དམའ་བའི་ནད་སློང་བ་དང་འཚོ་རྒྱུ་མང་པོ་ཤོར་གྱི་ཡོད། ལྷག་པར་དུ་རྒས་འཁོགས་ཀྱིས་ཇ་གར་པོ་བཏུངས་དྲགས་ན་སྙིང་ལ་གནོད་འཚེ་ཆེན་པོ་ཡོད། 

        གཞན་ཡང་ཇ་སོས་པ་འཐུང་སྐབས། ཇ་ར་བཟི་བའི་ནད་རྟགས་ཐོན་རྒྱུར་ཡིད་གཟབ་བྱེད་དགོས་ཤིང་། དབང་རྩ་ཉམས་པ་དང་སྙིང་དང་ཀླད་པའི་ཁྲག་རྩའི་ནད་ཕོག་མཁན་ལ་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1