རིག་དངོས་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཤུགས་སྣོན་བྱས་ཏེ།སི་ཁྲོན་རིག་གནས་སྟོབས་ལྡན་གྱི་ཞིང་ཆེན་དུ་བསྐྲུན་པར་སྐུལ་འདེད་གཏང་དགོས།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-04


        ཟླ་7པའི་ཚེས་1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱི་ལི་མེ་ཧྲན་གྲོང་ཁྱེར་དང་ཁྲེང་ཏུའུ་གྲོང་ཁྱེར་དུ་ཕེབས་ནས་རིག་དངོས་ལས་དོན་ལ་རྟོག་ཞིབ་གནང་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ་དང་། སི་ཁྲོན་གྱི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་པའི་རྨང་གཞིའི་ཐོག ལུགས་མཐུན་ཀྱིས་རིག་དངོས་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ནུས་བ་བཀོལ་སྤྱོད་དང་ཕྱིར་འདོན་བྱས་ཏེ། རང་རེའི་ཞིང་ཆེན་དེ་རིག་གནས་སྟོབས་ལྡན་ཞིང་ཆེན་དང་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་བཏང་ནས་མུ་མཐུད་དུ་མི་དམངས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བཞིན་པའི་འཚོ་བའི་དགོས་མཁོ་བསྐོང་དགོས་ཞེས་ནན་གྱིས་བསྟན།

        མེ་ཧྲན་གྲོང་ཁྱེར་ཕུང་ཧྲན་ཁུལ་ཅང་ཁུ་གྲོང་རྡལ་ཅང་ཁུ་ཁྲིན་དབྱིན་གནའ་ཤུལ་དུ་དབྱི་ལི་ཡིས་ཡུལ་དངོས་རྟོག་ཞིབ་བྱས་ཏེ་སྔོག་འདོན་དང་སྲུང་སྐྱོབ་ཀྱི་གནས་ཚུལ་ལ་གཟིགས་པ་དང་། སི་ཁྲོན་དངོས་མང་བཤམས་སྟོན་ཁང་དང་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་དུ་དབྱི་ལི་ཡིས་རིག་དངོས་འགྲེམ་སྟོན་དང་སྲུང་སྐྱོབ་སླར་གསོའི་ལས་ཀའི་གནས་ཚུལ་ལ་གཟིགས་པ་རེད།  དབྱི་ལི་ཡིས་རང་རེའི་ཞིང་ཆེན་གྱི་ལོ་རྒྱུས་དང་རིག་གནས་གཏིང་ཟབ་ལ་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། དེ་བས་རིག་དངོས་གནའ་ཤུལ་ལ་སྲུང་སྐྱོབ་དང་ལོ་རྒྱུས་དང་རིག་གནས་རྒྱུན་འཛིན། རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ཀྱི་འགན་འཁྲི་ཆེན་པོ་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་དོ་དམ་དང་ལྟ་སྐུལ་གྱི་འགན་འཁྲི་བསྒྲུབས་ནས། མུ་མཐུད་དུ་རིག་དངོས་སྲུང་སྐྱོབ་དང་དོ་དམ། བཀོལ་སྤྱོད་ཆུ་ཚད་སོགས་གོང་མཐོར་བཏང་ནས། རིག་དངོས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་སྔར་ལས་མང་བོ་ཞིག་ཕན་ཐོགས་སུ་འཇུག་པ་དང་། རིག་གནས་ཀྱི་ཕྱོགས་བསྡུས་ཕན་ནུས་སྔར་ལས་ཚད་གཞི་ཆེན་པོའི་འདོན་སྤེལ་ཐུབ་པ་བྱ་དགོས་ཞེས་བསྟན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1