༄༅།། ཟས་རིགས་བདེ་བསྟེན་སྐོར་གྱི་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-10



★ཐུན་གསུམ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ།ཞོར་ཟས་ཉུང་བཟའ་བྱེད་དགོས།
        ཉིན་གཅིག་གི་ཟས་ཐུན་གསུམ་པོ་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་དགོས་པར་མ་ཟད།དུས་རན་དུ་ཚད་རན་པར་བཟའ་དགོས།ལས་རིགས་དང་ངལ་རྩོལ་དྲགས་ཞན།འཚོ་བའི་གོམས་སྲོལ་བཅས་དང་བསྟུན་ནས་ལེགས་སྒྲིག་འོས་འཚམ་བྱེད་དགོས་ལ། ནང་སྒོས་སུ་དགོང་ཟས་ཚད་ལས་བརྒལ་བ་བཟའ་མི་རུང་།ཞག་ཚིལ་ཉུང་ཞིང་འཇུ་སླ་བའི་ཟས་རིགས་བསྟེན་དགོས།ཞོར་ཟས་ནི་ཉིན་གཅིག་གི་ཟས་ཐུན་གསུམ་ཕུད་པའི་འཚོ་བཅུད་ཁ་སྣོན་ཡིན་པའི་ཆ་ནས།ལུགས་མཐུན་སྒོས་བརྟེན་ཆོག་མོད།འོན་ཀྱང་མང་མི་རུང་།

★ཉིན་རེར་ཆུ་འདང་ཚོད་འཐུང་དགོས་པ་དང་།སྐོམ་ཆུ་ལེགས་འདེམ་བྱེད་དགོས།
        ཆུ་འཐུང་སྐབས་ཉུང་ཉུང་རེ་ཐེངས་མང་པོར་འཐུང་བ་དང་།རང་འགུལ་གྱིས་འཐུང་བ་ལས། སྐོམ་སྣང་བྱུང་སྐབས་ད་གཟོད་འཐུང་ན་མི་འགྲིག སྐོམ་ཆུ་ལ་ནི་ཆུ་ཁོལ་ལེགས་ཤིང་།གཏེར་དངོས་དང་འཚོ་བཅུད་སྣ་ཚོགས་བསྲེས་པའི་སྐོམ་ཆུ་དག་ནི། ཚ་བ་ཆེ་བའི་སྐབས་སུ་ཕྱི་རོལ་ཏུ་བྱ་འགུལ་ལ་ཞུགས་པ་དང་འགུལ་སྐྱོད་བྱས་རྗེས་ད་གཟོད་འཐུང་བར་འཚམ། སྐོམ་ཆུ་མང་ཆེ་ཤས་ཀྱི་ནང་དུ་ཀ་ར་མང་དུ་འདུས་པས།མང་དུ་བཏུངས་ན་ལུས་སྟེང་གི་ནུས་ཚད་ཚད་ལས་བརྒལ་འགྲོ།

★ཆང་ཚད་དང་རན་པ་འཐུང་དགོས།
        ཆང་བག་མེད་དུ་བཏུངས་ན་ཟས་ལ་ཡི་ག་འགག་ཏེ་ཟ་མ་བཟའ་ཚད་ཇེ་ཉུང་དུ་འགྲོ་བའི་དབང་གིས།འཚོ་བཅུད་དངོས་པོ་མང་པོ་ཞིག་ཆད་འགྲོ་ལ།དལ་གཤིས་དང་མྱུར་གཤིས་གང་རུང་གི་ཆང་དུག་ཕོག་པ་དང་ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་འབྱུང་ངེས་ཡིན་ལ།ཚབས་ཆེ་བའི་སྐབས་སུ་ད་རུང་ཆང་བཅུད་རང་བཞིན་གྱི་མཆིན་པ་སྲ་འགྱུར་འབྱུང་ཉེན་ཆེ་བར་མ་ཟད། ཆང་བག་མེད་དུ་བཏུངས་ན་ཁྲག་ཤེད་མཐོ་བའི་ནད་དང་གྲིབ་ནད་ཕོག་པའི་ཉེན་ཁ་ཡང་ཇེ་མཐོར་འགྲོ་བ་ཡིན།

★ཟས་རིགས་གཙང་མ་དང་གསར་པ་བཟའ་དགོས།
        ཟས་རིགས་འཇོག་ཡུན་རིང་ན་ངོ་བོ་འགྱུར་འགྲོ་བས།མི་ལུས་ལ་གནོད་པའི་དུག་ལྡན་དངོས་པོ་འབྱུང་ངེས་ཡིན། དེ་ལས་གཞན་ད་རུང་ཟས་རིགས་ཀྱི་ནང་དུ་གནོད་ལྡན་དངོས་པོ་མང་པོ་འབྱུང་ངེས་ཡིན་ལ།དཔེར་ན།ནད་རིགས་ཀྱི་འབྱུང་རྩར་གྱུར་པའི་སྲིན་འབུ་ཕྲ་རབ་དང་གཞན་བརྟེན་སྲིན་འབུ།དུག་ལྡན་འདྲེས་འགྱུར་རྫས་སོགས་སོ། །ཟས་རིགས་གཙང་མ་དང་གསར་པ་ཟོས་ན།ཟས་རིགས་ལས་བྱུང་བའི་ནད་རིགས་འགོག་ཐུབ་པས།དེ་ནི་ཟས་རིགས་བདེ་འཇགས་མངོན་འགྱུར་འབྱུང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

★དཀར་དམར་མཉམ་སྡེབ་བྱས་ཏེ་བཟའ་བཏུང་ལེགས་པར་འདེམ་དགོས།
        ཉེ་བའི་ལོ་འདི་འགར།ཚོ་ཆེ་བའི་མི་དང་ཁྲག་ཤེད་མཐོ་བའི་མི།སྙིང་གཟེར་ནད་རིགས་བཅས་ཇེ་མང་དུ་འགྲོ་བཞིན་ཡོད་པས།མི་རྣམས་ཀྱིས་དཀར་ཟས་ཀྱི་རིགས་བཟའ་བར་སྤྲོ་བ་ཆེན་པོ་བྱེད་ཀྱིན་ཡོད། ཞག་ཚིལ་ཡོད་ཚད་གནོད་ལྡན་ཡིན་པའི་ངེས་པ་མེད་པར།འཕར་རྩ་འགག་པ་དང་སྙིང་ནད་སློང་བའི་གཏེ་བོ་ནི་པའོ་ཧི་ཞག་ཚིལ(饱和脂肪)དང་སྤོ་བསྒྱུར་ཞག་ཚིལ(转移脂肪)ཡིན་པ་ལས།སྤྱིར་བཏང་གི་ཞག་ཚིལ་ལ་འབྲེལ་བ་མེད།

★དཀར་ཟས་དང་དམར་ཟས་གང་ཞིག་ཡིན་རུང་།ཚང་མ་མིའི་རིགས་ལ་མཚོན་ན་མེད་དུ་མི་རུང་བའི་ཟས་རིགས་ཡིན།
        ང་ཚོས་རྒན་པ་རྣམས་ཀྱིས་དཀར་ཟས་མང་དུ་ཟོས་ན་བཟང་ཟེར་བ་ལས།དམར་ཟས་བཟའ་མི་རུང་བར་བཤད་མེད།བཟའ་བཏུང་དོ་མཉམ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། དཀར་ཟས་མང་དུ་བཟའ་བ་དར་སྤེལ་དུ་གཏོང་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1