ཉག་ཆུ་རྫོང་གིས་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་།

ཧོང་ཡུག་ཡུག་དང་ཀྲུང་ཏུང་ལིན་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-17


        སྤྱི་ཟླ7པའི་ཚེས10ནས19ཉིན་གྱི་བར། ཉག་ཆུ་རྫོང་སློབ་གསོ་རིག་གནས་ལུས་རྩལ་ཅུས་ཀྱིས་ཉག་ཆུ་རྫོང་སློབ་འབྲིང་དང་སློབ་ཆུང་། བྱིས་བཅོལ་ཁང་བཅས་ཀྱི་རོལ་དབྱངས་དང་མཛེས་རྩལ། ལུས་རྩལ་བཅས་སློབ་ཚན་གྱི་རྐང་འཛིན་དགེ་རྒན50སྒྲིག་འཛུགས་བྱས་ཏེ་སི་ཁྲོན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་གསོ་སྦྱོང་མངགས་པ་རེད།

        གསོ་སྦྱོང་ཁྲོད་དུ་སི་ཁྲོན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་དགེ་རྒན་རྣམས་ཀྱིས་སློབ་གསོའི་འདུ་ཤེས་གསར་པ་དང་དེང་རབས་སྔོན་ཐོན་གྱི་སློབ་ཁྲིད་བྱེད་ཐབས་ལྷུག་སྩོལ་བྱས་ཤིང་། ལྷག་པར་དུ་དགེ་རྒན་གྱི་སེམས་ཁམས་གནོན་ཤུགས་བསལ་ཐབས་དང་། རོལ་དབྱངས་ཉན་དཔྱད། མཛེས་རྩལ་གཟིགས་དཔྱད། རུ་སྒྲིག་སྐད་བརྡ་གཏོང་ལུགས། སེམས་ཁམས་རིག་པ། ཞབས་བྲོ་སྒྲིག་བཀོད། སློབ་ཚན་བཅོས་བསྒྱུར་དང་འཕེལ་རྒྱས་སོགས་ཀྱི་ཐད་ནས་ཁྲིད་སྟོན་ཞིབ་ཕྲ་བྱས་པ་རེད།
        ཐེངས་འདིའི་གསོ་སྦྱོང་བརྒྱུད། དགེ་རྒན་ཚོའི་ལྟ་རྒྱ་དང་ཐོས་རྒྱ་སྔ་བས་ཆེ་རུ་སོང་བའི་ཁར་ཆེད་ལས་བྱང་ཚད་ཇེ་མཐོར་འགྲོ་བ་དང་ཀུན་སྤྱོད་སློབ་སྲོལ་ཇེ་བཟང་དུ་འགྲོ་བར་ཕན་ནུས་ངེས་ཅན་ཐོན་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1