ཁྱད་ཆོས་ལྡན་པའི་ཡུལ་སྐོར་མིང་རྟགས་བསྐྲུན་ནས་བོད་ཁུལ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱ་དགོས།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ སྤེལ་དུས། 07-17



     ཟླ་7པའི་ཚེས་14ཉིན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི། སྤྱི་ཁྱབ་ལས་འཛིན་གཞོན་པ་ཨན་ཆི་ཡིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་མི་སྣ་བཅས་ཀྱིས་གྲུབ་པའི་བོད་ཁུལ་ཡུལ་སྐོར་འཕེལ་རྒྱས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ། དར་མདོ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཏུའུ་ཅང་ཡན་གྲོང་ཁྱེར་དུ་ཕེབས་ནས་ཡུལ་སྐོར་དང་བོད་སྐྱོར་ལས་ཀ་སོགསལ་རྟོག་ཞིབ་བྱས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཐེན་ཞང་ལི་རྟོག་ཞིབ་ལ་ཞུགས་པ་རེད།
རྟོག་ཞིབ་ཚོགས་ཆུང་གིས་ཏུའུ་ཅང་ཡན་དང་དར་མདོ་གྲོང་ཁྱེར་གཉིས་ཀྱིས་ཡུལ་སྐོར་མཉམ་འབྲེལ་བྱས་ནས། རང་ལ་བརྟེན་པའི་ནུས་པ་གསོ་བར་གདེང་འཇོག་ཚད་མཐོ་བྱས། རྟོག་ཞིབ་ཚན་ཆུང་གིས་ཡུལ་སྐོར་ཐོན་རྫས་ཡི་གནས་ཐིག་གཏན་འཁེལ་དང་གསར་གཏོད་ཇུས་འགོད། མིང་རྟགས་དོ་དམ། བྲིན་ཚོང་འོས་སྦྱོར་བཅས་ཀྱི་ཕྱོགས་སུ་སྔར་ལས་ལྷག་པའི་སྒོ་ནས་རོགས་སྐྱོར་མཛུབ་སྟོན་ཆེ་རུ་བཏང་ནས། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་པ་དང་། སི་ཁྲོན་བོད་ཁུལ་རྒྱལ་ཁབ་གྱི་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་བསྐྲུན་པར་རོགས་འདེགས་བྱས་ནས། སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་པར་རེ་བ་བཅངས་ཡོད་པ་རེད།
སི་ཁྲོན་དུ་རྟོག་ཞིབ་བྱེད་པའི་རིང་དུ། རྟོག་ཞིབ་ཚོགས་ཆུང་ད་དུང་དཀར་མཛེས་ཁུལ་སྡེ་རོང་དང་འདབ་པ། ལི་ཐང་། ཉག་ཆུ་ཁ། དར་མདོ་བཅས་རྫོང་དང་གྲོང་ཁྱེར་དུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་ཏེ། སི་ཁྲོན་བོད་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་གནས་ཚུལ་དང་དེ་ལ་འཕྲད་པའི་གནད་དོན་གཙོ་བོ། སྲིད་ཇུས་འགོག་ཤུགས་སོགས་དང་། དེ་མིན་ཡུལ་སྐོར་འཕེལ་ལས་རིགས་ཀྱིས་བོད་ཁུལ་གྱི་དམངས་འཚོ་ལེགས་སྒྱུར་དང་དབུལ་བྲལ་འགག་སྒྲོལ། མི་རིགས་བར་གྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བའི་ནུས་པར་རྒྱུས་ལོན་བྱས་པ་རེད། རྟོག་ཞིབ་ཚན་ཆུང་གིས་ད་དུང་ཁྲེང་ཏུའུ་དང་དར་མདོ་རུ་བཞུགས་མོལ་ཚོགས་འདུ་བསྡུ་ཚོགས་བྱས་ནས། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་དོན་གཞུང་སྒྲུབ་ཁང་། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་སོགས་སྡེ་ཁག་དང་། དཀར་མཛེས་ཁུལ་ཡུལ་སྐོར་ཁེ་ལས་འཐུས་མིས་བོད་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་བསམ་འཆར་ལ་ཉན་འཇོག་གནང་བ་རེད།
  རྟོག་ཞིབ་ཚན་ཆུང་གིས་སི་ཁྲོན་གྱིས་གྲོང་གསེབ་ཡུལ་སྐོར་རམ་ལྷག་པར་དུ་བོད་ཁུལ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་བའི་རྒྱལ་ཁའི་ཉམས་མྱོང་ལ་ཁས་ལེན་བྱས་ཏེ། རྟོག་ཞིབ་གནས་ཚུལ་ལ་དབྱེ་ཞིབ་དང་དག་སྒྲིག་ལེགས་པོ་བྱས་ནས། བོད་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་གནད་དོན་གཙོ་བོ་དང་འགོག་ཤུགས་བཙལ་བ་དང་། ཀྲུང་དབྱང་ལ་བོད་ཁུལ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བསམ་འཆར་བཏོན་ནས། ཡུལ་སྐོར་ལས་རིགས་ཀྱིས་སྔར་ལས་རྣམ་པ་བཟང་བོའི་སྒོ་ནས་བོད་ཁུལ་གྱི་དམངས་འཚོ་ལེགས་བཅོས་དང་དབུལ་བྲལ་འགག་སྒྲོལ། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་བར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱེད་པ་སོགས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1