༄༅།། ཁྱིམ་ཚང་སློབ་གསོའི་གལ་ཆེན་རང་བཞིན་ཕྱོགས་བཞི་ནས་གླེང་ན།

རི་ལས་སྐྱེས་ཀྱིས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-18


ཀྲུའུ་ཡོན་ཞིན་གྱིས་བརྩམས། རི་ལས་སྐྱེས་ཀྱིས་སྒྲིག་བསྒྱུར་བྱས།
དང་པོ།ཁྱིམ་ཚང་ནི་མི་ཚེའི་ནང་གི་གནས་འགངས་ཆེན་དེ་ཡིན།
        མི་ཚེའི་གོ་རིམ་ནི་ཁྱིམ་ཚང་ནས་མགོ་རྩོམ་པ་ཡིན། མི་ཚེ་གཅིག་ལ་མི་ནི་གཙོ་བོ་གནས་ཡུལ་བཞི་ནས་འཚོ་བ་ཡིན། དེ་ལས་དང་པོ་ནི་ཨ་མའི་མངལ་སྣོད་ཡིན་ལ། ཕྱི་རོལ་འཇིག་རྟེན་གྱི་བདེ་སྡུག་འཇམ་རྩུབ་སོགས་ནི་ཨ་མའི་ལུས་ལ་བརྟེན་ནས་མྱོང་དགོས་པ་ཡིན།
        མི་ཚེའི་གནས་ཡུལ་གཉིས་པ་ནི་ད་གཟོད་ཁྱིམ་ཚང་ཡིན། ཨ་མའི་ལུས་དང་བྲལ་ཏེ་འཇིག་རྟེན་འདིར་སླེབས་པ་ན། གཞི་ནས་ཁྱིམ་ཚང་དུ་སླེབས་པ་ཡིན་ལ། བྱིས་པ་དང་འཇིག་རྟེན་གྱི་འབྲེལ་བ་མཐའ་དག་ནི་ཕ་མ་གཙོའི་ཁྱིམ་མི་རྣམས་ལ་བརྟེན་ནས་བྱུང་བ་ཡིན། སྐབས་ཐོག་དེར་ཁོ་ནི་ད་དུང་མི་ཚེའི་ཐོག་མའི་དུས་སྐབས་སུ་གནས་ཤིང་འགྲོ་འདུག་སྤྱོད་གསུམ་ལ་རང་མོས་རང་ཚུགས་བྱེད་པའི་དབང་འབྱོར་མེད་པས། ཁྱིམ་ཚང་ལ་མི་བརྟེན་རང་བརྟེན་ཡིན། དེ་ན་ཕ་མས་བྱིས་པའི་འཚར་སྐྱེ་ལ་གཞན་ལས་ལྷག་པའི་ནུས་པ་ཐོན་ངེས་པ་ནི་རང་བཞིན་ཡིན།
        མི་ཚེའི་གནས་ཡུལ་གསུམ་པ་ནི་སློབ་ཁང་ཡིན། སློབ་གྲྭ་རེད་ཟེར་ན་དེ་འདྲ་མི་འཚམ། སློབ་གྲྭ་ནི་ཆེ་དྲགས་སོང་ལ། སློབ་གྲྭར་སོང་བ་ནས་ཡིན་པ་ནི་སློབ་ཁང་དུ་སོང་བ་ཡིན། སྔོན་ཆད་སློབ་ཁང་ལ་སྤྱི་ཚོགས་རིག་པའི་སྣང་ཚུལ་གལ་ཆེན་ཞིག་གི་ཚད་ནས་བལྟས་མྱོང་མེད་ན་ཡང་། དོན་གྱིས་བཤད་ན་བྱིས་པ་སློབ་ཁང་ནས་སྐྱིད་མི་སྐྱིད་དང་། སློབ་ཁང་ནང་གི་ཁོའི་འབྲེལ་བ་བཟང་མི་བཟང(དགེ་སློབ་ཀྱི་འབྲེལ་བ་དང་སློབ་གྲོགས་བར་གྱི་འབྲེལ་བ)སོགས་ནི་མཐའ་གཅིག་ཏུ་ཁོའི་འཚར་སྐྱེ་ལ་འབྲེལ་བ་ཤིན་ཏུ་ཟབ་མོ་ཡོད།
        གནས་ཡུལ་བཞི་པ་ནི་ལས་རྐང་ཡིན། སློབ་གྲྭ་ལས་མཐར་ཕྱིན་རྗེས་ལས་རྐང་དུ་ཞུགས་མགོ་བརྩམས་པ་ཡིན། ལས་ཁུངས་གང་དུ་ལས་ཀ་བྱེད་པ་དང་། ལས་ཁུངས་གང་དེའི་ཁོར་ཡུག་དང་ལས་གྲོགས་ཕན་ཚུན་གྱི་འབྲེལ་བ། དོ་དམ་བྱེད་ཐབས་སོགས་གང་གིས་ཀྱང་ཁོ་ལ་ཤན་ཤུགས་ཟབ་མོ་ཐེབས་པ་ཡིན།
        གནས་ཡུལ་དེ་བཞི་པོའི་ཁྲོད་ཀྱི་དུས་ཡུན་ཆེས་རིང་ལ་གལ་འགངས་ཆེས་ཆེ་བ་ནི་སྔར་བཞིན་ཁྱིམ་ཚང་ཡིན་ཏེ། ཁྱིམ་ཚང་ནི་མི་དེ་གནས་སྐབས་གང་དུ་གནས་ཀྱང་འབྲལ་ཐབས་མེད་པ་ཞིག་ཡིན། དེ་བས་ཁྱིམ་ཚང་ནི་མི་ཚེའི་ནང་གི་གནས་ཡུལ་ཤིན་ཏུ་གལ་ཆེ་བ་ཞིག་དང་། ཐ་ན་གནས་ཡུལ་ཆེས་འགངས་ཆེན་དེ་ཡིན་ཞེས་ཀྱང་བརྗོད་ཆོག མི་ཚེའི་གོ་རིམ་ནི་ཁྱིམ་ཚང་ནས་མགོ་བརྩམས་ཏེ་མཐར་ཐུག་ཕྱིར་ཁྱིམ་ཚང་ལ་ལོག་པ་ཞིག་ཡིན་པས། ཁྱིམ་ཚང་ནི་ཤིན་ཏུ་དོ་སྣང་བྱ་རི་བའི་གནད་དོན་ཞིག་ཡིན། ཡིན་ན་ཡང་འུ་ཚོས་ད་དུང་ཁྱིམ་ཚང་ལ་ཞིབ་འཇུག་ལེགས་པོ་བྱ་ཐུབ་མེད།

གཉིས་པ།བྱིས་དུས་ནི་མི་ཚེའི་དུས་སྐབས་ཁྱད་དུ་འཚར་བ་ཞིག་ཡིན།
        བྱིས་དུས་ཀྱི་གསང་བ་མང་ཆེ་ཤོས་ད་དུང་རྙེད་མེད་ཅེས་པ་ལྟ་བུའི་སྐད་ཆ་རྒྱུན་དུ་གོ་རྒྱུ་ཡོད། ང་ཚོ་འགྲོ་བ་མིའི་ལོ་རྒྱུས་སུ་དུས་ཡུན་ཤིན་ཏུ་རིང་པོ་ཞིག་ལ་བྱིས་པ་མི་རུ་བལྟས་མྱོང་མེད། ང་ཚོའི་ལོ་རྒྱུས་ཀྱི་དེབ་ཏུ་བྱིས་པ་བྲིས་ཡོད་དམ། ཧ་ཅང་ཉུང་། ནམ་ཡང་བརྗོད་སྟངས་རྒྱ་ཆེན་པོས་ཟིན་པའི་ལོ་རྒྱུས་སུ་བྱིས་པ་ལ་སྐལ་ཕྲན་ཙམ་ཡང་བསྐྱུར་མེད། རིག་རྩལ་བསྐྱར་དར་ནས་བཟུང་སྟེ་ད་གཟོད་བྱིས་པ་ལ་དོ་སྣང་བྱུང་བ་དང་། བྱིས་པ་ལ་བརྩི་བཀུར་བྱེད་དགོས་པ་ཤེས། ལྷག་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས《བྱིས་པའི་རྩ་འཛིན》སྤེལ་རྗེས། བྱིས་པ་ནི་རང་ཚུགས་ཀྱི་མི་ཞིག་ཡིན་པ་དང་བྱིས་པའི་མི་གཞི་ལ་བརྩི་བཀུར་བྱེད་དགོས་པའི་གནད་དེ་མི་རྣམས་ཀྱི་ཡིད་ངོར་དྲངས།
        ཡིན་ན་ཡང་། རྩ་འཛིན་ཞིག་སྤེལ་བ་ཙམ་གྱིས་དོན་སྨིན་བྱུང་ཡོད་པ་ཡིན་ནམ་ཞེ་ན། དངོས་ཡོད་འཚོ་བའི་ཁྲོད་ཀྱི་སྣང་ཚུལ་མང་པོ་ཞིག་གིས་དེ་ལྟ་མ་ཡིན་པ་ར་སྤྲད་ཡོད་ལ། བྱིས་པ་ནི་འགྲོ་བ་མི་ལ་མཚོན་ན་དོན་སྙིང་ག་འདྲ་ཞིག་མཆིས་པར་མི་རྣམས་ལ་ངོས་ཟིན་གསལ་པོ་ཞིག་ཐོབ་མེད། སེམས་ཁམས་རིག་པ་སྨྲ་བ་དག་གིས་མིའི་ཀླད་པརBlackBoxཞེས་པའི་བཏགས་མིང་ཞིག་སྦྱར་ཡོད་ལ། ཁྱིམ་ཚང་སློབ་གསོ་སྨྲ་བ་རྣམས་ལ་མཚོན་ན། བྱིས་པ་ནི་དངོས་ནསBlackBoxསྟེ་སྒམ་ནག་པོ་ནང་ན་ཅི་ཡོད་དཔོག་དཀའ་བ་ཞིག་ཡིན་པ་ང་ཚོས་ཀུན་ནས་རྟོགས་དགོས། གལ་ཏེ་ང་ཚོས་བྱིས་པ་ལ་ངོས་ཟིན་གསལ་ཞིང་ཟབ་པ་ཞིག་བསྐྱེད་ཐུབ་ཚེ། སློབ་གསོའི་གནད་དོན་མང་པོ་ཞིག་ཀྱང་ངང་གིས་སེལ་འགྲོ་ཡང་སྲིད།
        བྱིས་པའི་ངོ་མཚར་བ་དང་རླབས་ཆེ་བའི་ཆ་མང་པོ་ཞིག་ང་ཚོས་ད་དུང་ཤེས་ཡོད་པ་མ་རེད། བྱིས་པས་འཇིག་རྟེན་འདི་ཇི་ལྟར་ངོས་ཟིན་པ་དང་། བྱིས་པའི་རང་གཤིས་ནི་ཇི་ལྟར་ཆགས་པ་སོགས་ལ་ང་ཚོ་རྨོངས་ཡོད་པ་ང་ཚོས་སེམས་གཏིང་ནས་ཁས་ལེན་དགོས། སློབ་གསོའི་ཡུལ་ལ་ངོས་ཟིན་གསལ་པོ་སྐྱེས་མེད་པ་ནི་ང་ཚོའི་སློབ་གསོའི་ཕྱོགས་ཀྱི་འཐུས་ཤོར་ཆེན་པོ་ཞིག་ཡིན་ལ། སློབ་གསོའི་བྱེད་ཐབས་མང་པོ་ནི་རྒྱུ་མཚན་ཅི་ཡང་མེད་པར་མི་རབས་ནས་མི་རབས་སུ་བརྒྱུད་ནས་ཡོང་བ་ཁོ་ན་ཙམ་ལས། བྱིས་པ་ལ་ཡང་དག་ཅིང་ཚན་རིག་དང་མཐུན་པའི་ངོས་ཟིན་ཐོབ་པའི་འོག་ནས་གཏན་ལ་ཕབ་པ་ནི་མ་ཡིན། རེད་དེ། མཚམས་རེར་དེ་ནི་ཚན་རིག་རང་སྟེང་གི་མ་སྨིན་པའི་རྐྱེན་ལས་བྱུང་བའང་ཡིན།
        ང་ཚོས་ནམ་དུ་ཡང་བྱིས་པ་ལ་བདེ་སྐྱིད་བསྐྲུན་དགོས་པར་བཤད་ཀྱིན་ཡོད་ཀྱང་། བདེ་སྐྱིད་དེ་ནི་མ་འོངས་པར་བཅོལ་བའི་ནོར་རྫས་ཤིག་ཏུ་བལྟས་ཡོད་པ། ཨ་མའི་ཐལ་ལྕག་སྨན་ཡིན། ཤ་ཚ་བའི་གཏམ་ལ་སྙན་མོ་མེད། བདེ་བར་སྡོད་ལ་མཁས་མི་སྲིད་ཅེས་པ་སོགས་ཀྱི་ལེགས་བཤད་དང་གཏམ་དཔེ་ལས་རྟོགས་ཡོང་། ང་ཚོས་བྱིས་པར་སློབ་གསོ་གཏོང་བའི་སྐབས་སུ། བདེ་དང་མི་བདེ་ལ་མུ་བཞི་བརྩི་རུ་ཡོད་དེ། ད་བདེ་ལ་རྗེས་སུ་ཡང་བདེ་བ། ད་མི་བདེ་ལ་རྗེས་སུ་བདེ་བ། ད་བདེ་ལ་རྗེས་སུ་མི་བདེ་བ། ད་མི་བདེ་ལ་རྗེས་སུ་ཡང་མི་བདེ་བ་སྟེ་བཞིའོ། ། ང་ཚོའི་དགེ་རྒན་དང་ཕ་མ་རྣམས་ཀྱིས་སྤྱིར་བཏང་མུ་གཉིས་པ་སྟེ་ད་མི་བདེ་ལ་རྗེས་སུ་བདེ་བ་དེ་འདེམ་པར་བྱེད་ཀྱང་། བྱིས་པ་ད་བདེ་ལ་རྗེས་སུ་ཡང་བདེ་བར་མི་ཆོག་པའི་རྒྱུ་མཚན་ཅི་ཡོད་དམ།
        ང་ཚོའི་སློབ་གསོས་སྣ་སྒོ་ཀུན་ནས་བྱིས་པ་ལ་རྒྱུས་ལོན་བྱས་པ་འདང་མེད། ང་ཚོས་རང་རྟོགས་ཀྱི་སྒོ་ནས་བྱིས་པ་ལ་བརྩི་བཀུར་བྱེད་དགོས་པའི་གནད་དེ་ཤེས་དགོས། བྱིས་དུས་ནི་མ་གཞི་ནས་ཆེས་ངོ་མཚར་བའི་དུས་སྐབས་ཤིག་ཡིན། བྱིས་པའི་དངོས་ཡོད་ཀྱི་འཚོ་བ་ལ་བརྩི་བཀུར་དང་བྱིས་པ་ཁོ་རང་མི་ཞིག་ཡིན་པའི་ངོས་ཐད་ཀྱི་བརྩི་བཀུར་དེ་མ་དོར་བ་ཡིན་ན། ང་ཚོའི་སློབ་གསོའི་བྱེད་ཐབས་ལ་ཡང་རང་བཞིན་གྱིས་འཕེལ་འགྱུར་འབྱུང་ངེས། ཚད་ངེས་ཅན་ཞིག་ནས་བལྟས་ན་སློབ་གསོ་ནི་དད་མོས་ཤིག་ཡིན་ཏེ། གཞི་རྩའི་བསམ་བློ་དེ་རིགས་འཛུགས་པ་དང་། ཡང་དག་པའི་བྱིས་པའི་ལྟ་བ་ཞིག་ཚུགས་པ་ནི་ང་ཚོའི་སློབ་གསོའི་སྣ་འཛིན་ཞིག་ཡིན་ལ། ང་ཚོའི་ཁྱིམ་ཚང་སློབ་གསོའི་སྣ་འཛིན་ཞིག་ཀྱང་ཡིན།

གསུམ་པ།ཕ་མ་ནི་བྱིས་པའི་ཚེ་གང་གི་དགེ་རྒན་ཡིན།
        ཕ་མ་ནི་མ་གཞི་ནས་བྱིས་པའི་ཆེས་ཐོག་མའི་འཇིག་རྟེན་དུ་གྲུབ་ཡོད་དེ། བྱིས་པའི་ཆེས་ཐོག་མའི་དགེ་རྒན་ཡིན། དོན་གྱིས་བཤད་ན་བྱིས་པའི་ཚེ་གང་གི་དགེ་རྒན་ཡང་ཡིན། ཕ་མའི་རིན་ཐང་དང་དོན་སྙིང་། དེ་མིན་བྱིས་པར་ཐེབས་པའི་ཤན་ཤུགས་སོགས་ལ་ང་ཚོས་རྒྱུས་ལོན་གཏིང་གསལ་བ་ཞིག་ལོན་མེད། དོན་དངོས་ཐོག་བྱིས་པ་ནི་ཕ་མའི་བསྐྱེད་འབྲས་ཡིན། བྱིས་པ་ནི་ཡིན་པ་ངོ་མཚར་བའི་ས་བོན་ཞིག་ཡིན་པར་ཐེ་ཚོམ་ཅི་ཡང་མེད་ལ། དེ་ནི་ས་ཞིང་ཅི་འདྲ་ཞིག་ཏུ་བཏབ་ཀྱང་མེ་ཏོག་བཞད་སྲིད་ཀྱང་། ས་ཞིང་མི་འདྲ་ན་མེ་ཏོག་གི་མདངས་ཀྱང་མི་འདྲ་བར་ངེས། དེ་བས་ཕ་མའི་ཤན་ཤུགས་ནི་ཟད་དུ་མེད་ལ་ཆེས་གནད་འགག་ཏུ་གྱུར་པ་ཞིག་ཀྱང་ཡིན།
        བྱིས་པ་ནི་གང་དུ་གནས་ཀྱང་ཕ་མའི་ཤུགས་རྐྱེན་དང་ཕ་མའི་སློབ་གསོ་ལས་ཐར་དུ་མེད། གལ་ཏེ་ཕ་མས་བྱིས་པར་སློབ་གསོ་མ་བཏང་ན་བྱིས་པ་ལོག་ལམ་དུ་འཁྱེར་སྲིད་ལ། གལ་ཏེ་སློབ་གསོ་གཏོང་ཐབས་ནོར་བ་ཡིན་ན་ལྷག་ཏུ་ལོག་ལམ་ལ་འཁྱེར་ངེས་པ་ཡིན། འཇོན་ཐང་ལྡན་པའི་བྱིས་པ་ཞིག་གི་ཁྱིམ་ནས་ང་ཚོས་དེ་མཚུངས་ཀྱི་རྒྱུ་རྐྱེན་ལེགས་པོ་རེ་རྙེད་ངེས་ཤིང་། གནད་དོན་ཅན་གྱི་བྱིས་པ་ཞིག་གི་ཁྱིམ་ནས་ང་ཚོས་དེ་མཚུངས་ཀྱི་རྒྱུ་རྐྱེན་ངན་པ་རེ་རྙེད་སླ་བ་རེད།
        བོད་ཀྱི་ཕ་མ་རྣམས་ཀྱི་འབྱུང་སྤུས་ནི་དངོས་ནས་མཐོར་འདེགས་མི་གཏོང་ཐབས་མེད་ཀྱི་ཚད་ཡིན་ཏེ། ཕལ་ཆེ་བར་བྱིས་པའི་སློབ་གསོའི་སྐོར་གྱི་ཤེས་བྱ་དང་སྦྱོང་བ་ཅི་ཡང་སྔོན་དུ་སོང་ཡོད་པ་མ་རེད། ལས་རིགས་གང་དང་གང་ལ་མཚོན་ན་ཡང་སྦྱོང་བ་སྔོན་དུ་འགྲོ་དགོས་ཤིང་ཚད་ལེན་ངེས་ཅན་ཐོབ་དགོས་ཀྱང་། ཕ་དང་མ་བྱེད་པ་ལ་དེ་འདྲའི་ཚད་ལེན་ཅི་ཡང་ཡོད་པ་མ་རེད། མིག་སྔར་རང་རྟོགས་ཀྱིས་རང་ཉིད་ཚད་ལྡན་གྱི་ཕ་མ་ཞིག་བྱེད་པ་ལ་འབད་པ་ལས་ཐབས་གཞན་མེད།
        ཕ་མ་རྣམས་ལ་མཚོན་ན་སློབ་ཆེན་དུ་རྒྱུགས་འཕྲོད་མིན་ཁོ་ན་ཚད་གཞིར་བཟུང་ནས་བྱིས་པ་སྐྱོང་བཞིན་ཡོད། དོན་གྱིས་སློབ་གསོའི་དམིགས་ཡུལ་ངོ་མ་ནི་བྱིས་པས་རང་ཉིད་རྙེད་རྟོགས་བྱེད་པར་གྲོགས་བྱེད་རྒྱུ་དེ་ཡིན། ཚད་གཞི་གཅིག་ཁོ་ནས་བྱིས་པ་བསྐྱངས་པའི་མཇུག་འབྲས་ནི་མི་ཕལ་ཆེ་བ་དཔར་ཤིང་གཅིག་ལས་ཐོན་པའི་དཔར་མ་བཞིན་ཁྱད་ཆོས་ཅི་ཡང་མེད་པར་གྱུར་ཡོད་པ་དེ་རེད།

        ང་ཚོའི་ལས་ཀ་ནི་བྱིས་པས་ཁོ་རང་ཉིད་རྙེད་པ་དང་བྱིས་པ་ཁོ་རང་ཉིད་ལ་(པར་ངོས19པར་མཐུད་པ།)

བཞི་པ། ཁྱིམ་ཚང་ནི་མི་ངོ་མ་འབྱུང་བའི་གནས་མལ་དེ་ཡིན།
        མི་ཞིག་གོ་མེད་བསམ་མེད་ཀྱི་བྱིས་པ་ནས་རང་ཚུགས་ཐུབ་པའི་མི་རུ་འགྱུར་བའི་གོ་རིམ་ནི་དུས་ཡུན་རིང་མོ་ཞིག་ཡིན་ལ། དུས་ཡུན་རིང་མོ་དེ་བསྐྱལ་སའི་གནས་ནི་ཏག་ཏག་ཁྱིམ་ཚང་ཡིན། ཁྱིམ་ཚང་གི་སློབ་གསོ་ལེགས་པར་བསྒྲུབ་པ་ལ་ཐོག་མར་ཕ་མ་ལ་ཁྱིམ་བདག་ཅེས་འབོད་པ་འདི་ལ་བསམ་དགོས་པ་འདི་འདྲ་ཡོད་དེ། ཁྱིམ་བདག་གི་གོ་དོན་ནི་ཁྱིམ་ཚང་གང་དེའི་བདག་པོ་དང་དབང་འཛིན་པ་ཡིན་ལ། བྱིས་པའི་ལས་དབང་ལ་ཁ་ལོ་སྒྱུར་མཁན་ཡིན། དེ་ནི་བརྩེ་སེམས་དང་འདྲ་མཉམ་དང་དམངས་གཙོ་སོགས་དེང་རབས་ཀྱི་རིན་ཐང་ལྟ་ཚུལ་དང་འགལ་ཡོད་པ་ཞིག་ཡིན། འབོད་སྟངས་དེ་ལ་བསྒྱུར་བཅོས་གཏོང་དགོས་ལ། འབོད་སྟངས་དེས་མཚོན་པའི་སེམས་ཀྱི་བག་ཆགས་ལ་ཡང་བསྒྱུར་བཅོས་གཏོང་དགོས།
        བསྒྱུར་བཅོས་འདི་སྔོན་དུ་སོང་བ་ཡིན་ན་ང་ཚོས་ཁྱིམ་ཚང་སློབ་གསོའི་བསམ་བློ་འཛུགས་པར་ཕན་པ་ཆེ། སྤྱི་ཚོགས་རིག་པས་གླེང་བའི“གཞོན་པའི་རིག་གནས”ཞེས་པ་དེའི་བསྟན་དོན་ནི་ཕ་མ་མང་ཆེ་བ་ཕྱོགས་སྒོ་མོ་ནས་བྱིས་པར་མི་དོ་སྟེ། བྱིས་པས་དང་ལེན་བྱེད་པའི་ཤེས་བྱ་དང་ཆ་འཕྲིན་ནི་ཕ་མ་ལས་མང་ལ། སློབ་སྦྱོང་གི་ནུས་པའང་ཕ་མ་ལས་ཆེ་ཞེས་པ་དེ་ཡིན། དེ་བས་ཁྱིམ་ཚང་གི་འབོད་སྟངས་ལས་མཚོན་པའི་བག་ཆགས་ལ་བསྒྱུར་བཅོས་བཏང་ནས། འདྲ་མཉམ་གྱིས་བརྩི་བཀུར་ཡོད་པའི་ཁྱིམ་ཚང་གི་འབྲེལ་བ་གསར་པ་ཞིག་འཛུགས་རྒྱུ་ནི་བྱིས་པ་མ་ཟད་ཕ་མ་རང་ཉིད་ཀྱང་ཡར་སྐྱེད་འབྱུང་བར་ཕན་པའི“གཉིས་ཕན་མཉམ་རྒྱལ”གྱི་བསམ་བློ་ཞིག་ཡིན། །
        འགྱུར་བར་གྲོགས་བྱེད་རྒྱུ་དེ་ཡིན་ལ། ཁྱིམ་ཚང་དང་སློབ་གྲྭ་ནི་དེ་འདྲའི་བདག་རྐྱེན་སྐྲུན་མཁན་གྱི་གནས་ཡུལ་འགངས་ཆེན་ཡིན། ཕ་མས་བྱིས་པ་རང་ཉིད་ལ་ཡིད་ཆེས་ཡོད་པ་ཞིག་ཏུ་འགྱུར་བར་བདག་རྐྱེན་སྤྲད་དགོས། དེ་ནི་གནད་འགག་ཡིན། སེམས་ཁུར་བྱེད་རྒྱུ་མང་དྲགས་ན་བྱིས་པ་ནར་སོན་དཀའ་ལ། ཐེ་གཏོགས་བྱེད་རྒྱུ་མང་ན་བྱིས་པའི་འཇོན་ཐང་མངོན་པར་གེགས་སུ་འགྲོ་བ་ཡིན།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1