རག་ཉག་དགོན་པའི་རྣམ་པ་གསར་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-19



         རག་ཉག་དགོན་ཕུན་ཚོགས་ཐེག་ཆེན་གླིང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་མདོ་གྲོང་རྡལ་གྱི་བྱང་ཕྱོགས་སྤྱི་ལེ་50ཡོད་པའི་འབྲོང་མདའ་ཤང་གི་མངའ་ཁོངས་སུ་ཡོད། ད་ལྟའི་བར་ལོ་ངོ་700ཡི་ལོ་རྒྱུས་ཡོད། 2010ལོའི་ཟླ་4པའི་ཚེས་14ཉིན་གྱི་ཞོགས་པའི་ཆུ་ཚོད་7དང་སྐར་49སྟེང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་བཞི་སྟོང་ལས་བརྒལ་བའི་གཙང་གསུམ་ཆུ་འགོའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གནས་ཡུལ་སྐྱེ་དགུ་གྲོང་རྡལ་དང་སྐར་མདའ་གྲོང་ཚོ། ལུང་པོ་གྲོང་རྡལ་སོགས་སུ་ས་འགུལ་རིམ་པ་7.1བརྒྱབ་སྟེ་རག་ཉག་དགོན་པར་གནོད་འཚེ་ཚབས་ཆེན་ཕོག ཉེ་ཆར་མཚོ་བོད་གླིང་སྣེའི་བོད་ཀྱི་སྲོལ་རྒྱུན་འཛུགས་བསྐྲུན་སྒྱུ་རྩལ་དང་ཤུལ་བཞག་སྲུང་སྐྱོང་གི་རྒྱལ་སྤྱིའི་གླེང་སྟེགས་རག་ཉག་དགོན་པའི་དབུ་ཚོགས་དེ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་དུ་འཚོགས། རྒྱལ་ཁབ་ཕྱི་ནང་གི་ཚོགས་ཞུགས་ཆེད་ལས་མཁས་ཅན་རྣམས་འཛུགས་སྐྲུན་གནང་བཞིན་པའི་རག་ཉག་དགོན་གསར་དུ་ཕེབས་ནས་ཐུན་མོང་ཐོག་བརྟག་དཔྱད་དང་གྲོས་མོལ་བྱས། 

རག་ཉག་དགོན་གསར།
           རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་དབུ་ཚོགས་ནི་ཀྲུང་གོའི་མི་རིགས་ཨར་སྐྲུན་ཞིབ་འཇུག་ལྷན་ཚོགས་བོད་ལུགས་བཟོ་བཀོད་ཆེད་ལས་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོའི་རིག་དངོས་སྲུང་སྐྱོབ་ཐེབས་རྩ་ལྷན་ཚོགས་བོད་རིགས་ཀྱི་བཟོ་སྐྲུན་རིག་གནས་ཆེད་གཉེར་རྣམ་གྲངས་ཀྱི་ཐེབས་རྩ་དོ་དམ་ཨུ་ཡོན་ལྷན་ཁང་། རག་ཉག་དགོན་པའི་རྒྱལ་སྤྱིའི་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་། དམིགས་ཡུལ་ནི་སྔ་མའི་ཀྲུང་གོའི་བཟོ་སྐྲུན་སློབ་ཚོགས་ཀྱིས་བཏོན་པའི་“ཞི་དྲག་གཉིས་འདྲིས་དང་འཛམ་གླིང་གི་མཁས་ཅན་བར་མངོན་སུམ་དུ་གྲོས་བསྡུར་གནང་བའི་”ཞལ་གདམས་ལ་གུས་བརྩི་བགྱིས་ནས། ཀྲུང་ཧྭའི་བློ་གྲོས་ཀྱིས་དེང་རབས་ཀྱི་མིའི་རིགས་ལ་བྱས་རྗེས་འབུལ་དགོས།
ཐུན་མིན་ཁྱད་ཆོས་ལྡན་པའི་བོད་ལུགས་སྐར་ཁུང་།
           ངོ་སྤྲོད་བྱས་པ་ལྟར་ན། ཡུལ་ཤུལ་ཁུལ་ནི་མཚོ་བོད་ས་མཐོའི་གནམ་གཤིས་གྲང་བའི་ས་ཁུལ་ཡིན་པས། དམིགས་བསལ་གྱི་ས་བབ་དང་གནམ་གཤིས་གྲང་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ། དེ་བས་ཨར་ལས་ཆོག་པའི་དུས་ཡུན་ཐུང་། ས་ཡོམ་བརྒྱབ་རྗེས་བསྐྱར་དུ་ཉམས་གསོ་བགྱིས་པའི་དགོན་སྡེའི་གྲུབ་ཚུལ་དང་རྒྱུ་ཆའི་བརྟན་ཚད་ལ་འགྱུར་ལྡོག་ཅུང་ཟད་བྱུང་། མང་ཆེ་ཤས་ད་དུང་ཤིང་གི་སྒྲིག་གཞི་སོར་འཇོག་བྱས་ཡོད། ཅིས་ཀྱང་དགོས་མཁོ་ཡོད་སར་ལྕགས་རྩིབས་དང་ཨར་འདམ་གྱིས་གྲུབ་པ་ཡིན། 
བརྗིད་ཉམས་ལྡན་པའི་རག་ཉག་དགོན་གསར།

ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རག་ཉག་དགོན་པའི་ལྡེབས་རིས།
           དགོན་པར་དུས་ཡུན་རིང་བའི་ལོ་རྒྱུས་དང་ཁྱད་ཆོས་ལྡན་པས། འཛུགས་སྐྲུན་གྱི་ཉམས་འགྱུར་དང་བཟོ་སྐྲུན་རྒྱུ་ཆ་འདེམ་དུས་ས་གནས་དེ་གའི་ཆ་རྐྱེན་དང་བཟོ་རྩལ་ལྟར་ཡོངས་འགྲུབ་བྱ་དགོས། ཐུན་མིན་ཁྱད་ཆོས་ལྡན་པའི་ཁང་པ་ཁག་གཅིག་ཉམས་གསོ་བྱེད་སྐབས། ས་གནས་དེ་གའི་བཟོ་བ་གདན་འདྲེན་ཞུས་ཐོག དགེ་འདུན་པས་བསྐྱར་སྐྲུན་གྱི་གོ་རིམ་ཁྲོད་ལྟ་སྐུལ་དང་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་ཐུབ།

ལག་པས་བརྐོས་པའི་བོད་ལུགས་འཁྱུག་རིས།

ལས་མཇུག་འགྲིལ་གྲབས་ཡོད་པའི་རག་ཉག་དགོན་གསར་གྱི་ཚོགས་ཆེན་འདུ་ཁང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1