ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པེའི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-30


ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པེའི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་ཡིས་གདན་དྲངས་པ་ལྟར། རྒྱལ་རྒྱུད་ཀྱི་བཞགས་ཤག་ཏུ་མགྲོན་ལ་ཕེབས། ཕྱོགས་གཉིས་ཀྱིས་བག་ཡངས་དང་མཛའ་མཐུན་གྱི་སྣང་ཚུལ་ཁྲོད་དུ་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་དང་མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད།

    ཚེས་ཉི་ཤུ་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པེའི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་ཡིས་གདན་དྲངས་པ་ལྟར། རྒྱལ་རྒྱུད་ཀྱི་བཞགས་ཤག་ཏུ་མགྲོན་ལ་ཕེབས། ཕྱོགས་གཉིས་ཀྱིས་བག་ཡངས་དང་མཛའ་མཐུན་གྱི་སྣང་ཚུལ་ཁྲོད་དུ་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་དང་མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད།

ཞི་ཅིན་ཕིང་གིས་དགའ་སྤྲོའི་ངང་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ལ་ཕྱིར་དྲན་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་གྱི་སྲོལ་རྒྱུན་མཛའ་མཐུན་རྨང་གཞི་ཏན་ཏིག་དང་ཡུན་རིང་བརྟན་པོ་ཡིན། ཉིས་སྟོང་བཅོ་ལྔ་ལོར་རྒྱལ་རྒྱུད་ཁྱེད་ཀྱིས་ཀྲུང་གོར་འཚམས་འདྲི་བྱེད་སྐབས། ང་ཚོས་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་དཔེ་རིས་མཉམ་དུ་འཆར་འགོད་བྱས་ནས། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་ལོ་རྒྱུས་གསར་པའི་སྒོ་འཕར་ཕྱེས། ང་ཐེངས་འདིར་འཚམས་འདྲིར་ཡོང་ནས། ང་ཚོ་ཕྱོགས་གཉིས་བར་དུ་ཐུན་མོང་གི་ལྟ་བ་གསར་པ་མང་པོ་བྱུང་བ་དང་། ངས་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་འཕེལ་དུ་གཏོང་བ་ནི་ལོ་རྒྱུས་འཕེལ་ཕྱོགས་དང་མཐུན་ལ་མདུན་ལྗོངས་ཆེན་པོ་ཡོད་པར་སྙམ། ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་གོང་འཕེལ་དུ་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། ཀྲུང་གོ་དང་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏན་འཇགས་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཟེར།

        མུའུ་ཧན་མོ་ཏི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་པར་ཡང་བསྐྱར་དགའ་བསུ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་མ་ཟད་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན། ཁོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྲུང་གོའི་དབུས་ཤར་ས་ཁུལ་གྱི་གྲོགས་པོ་ཆེས་གལ་ཆེན་དུ་འགྱུར་འདོད་ཡོད་ལ། ཀྲུང་གོའི་བར་དུ་བྱུང་བའི་ཐུན་མོང་གི་ལྟ་བ་དངོས་འབེབས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གོང་དུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1