ཞོ་སྟོན་དུས་ཆེན་ལྷ་སར་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-13


        སྤྱི་ཚེས་11ཉིན། ལྷ་ས་གྲོང་ཁྱེར་དུ་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་དུས་ཆེན་ཞོ་སྟོན་གཏོང་འགོ་ཚུགས་ཡུད་པ་རེད།

        ཞོ་སྟོན་གྱི་མིང་གཞན་ལ་གོས་སྐུ་འགྲེམས་སྟོན་དང་། ཞོ་ཟས་དུས་ཆེན། ལྷ་མོའི་དུས་ཆེན་བཅས་ཟེར་གྱི་ཡོད། སྤྱི་ལོ་2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་ནང་ཐེངས་དང་པོའི་གྲས་སུ་བླུག་ཡོད་པ་དང་། དེ་ནི་ལྷ་ས་ཁུལ་དུ་གོས་སྐུ་འགྲེམས་སྟོན་དང་། ལྷོ་མོའི་འཁྲབ་སྟོན། རིག་གནས་དང་ལུས་རྩལ་བྱེད་སྒོ་སོགས་གཅིག་ཏུ་བསྡུས་པའི་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་པ་རེད། དུས་ཆེན་རིང་། ནོར་བུ་གླིང་ཁ་དང་། རྫོང་རྒྱབ་གླུ་ཁང་ནང་ཁག་སོ་སོར་སྐབས་ལྔ་པའི་ལྗོངས་ཡོངས་ཀྱི་ལྷོ་མོའི་དུས་ཆེན་དང་། སྐབས་བདུན་པའི་ལྗོངས་ཡོངས་ཀྱི་ལྷ་མོའི་འཁྲབ་སྟོན་གྱི་བྱེད་སྒོ་ཁག་གཉིས་སྤེལ་རྒྱུ་དང་། ཁྱོན་དམངས་ཁྲོད་ཀྱི་ལྷ་མོ་ཚོགས་པ་11འཁྲབ་སྟོན་ནང་ཞུགས་ཡོད་པ་རེད།
        ལྷ་ས་གྲོང་ཁྱེར་མངོན་མིན་རིག་དངོས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱི་རམ་འདེགས་ཡིག་སྒྱུར་བྱེད་མཁན་ནོར་བཟང་གིས། ད་ཐེངས་ཁྱོན་དམངས་ཁྲོད་ཀྱི་སྒྱུ་རྩལ་མི་སྣ་300འཁྲབ་སྟོན་ནང་ཞུགས་རྒྱུ་ཡིན་པ་མ་ཟད། དེ་དག་ཁྲོད་ལྷ་ས་གྲོང་ཁྱེར་ནང་ཁུལ་ནས་ཡོད་པ་དང་། ད་དུང་། ལྷོ་ཁ་དང་། གཞིས་རྩེ། ཆབ་མདོ་བཅས་ནས་ཕེབས་པའི་སྐུ་ཚབ་ཡོད་པ་རེད། ཞོ་སྟོན་དུས་ཆེན་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་དངོས་ཤུལ་བཞག་ཡིན་པ་དང་། བོད་ཀྱི་ལྷ་མོ་ནི་འཛམ་གླིང་རིམ་པའི་རིག་དངོས་ཤུལ་བཞག་ཡིན་པས། དེ་གཉིས་པོ་ཕན་ཚུན་གཅིག་བསྡུས་བྱེད་སྐབས་དགའ་བསུ་ཧ་ཅང་ཆེན་པོ་ཐོབ་ཀྱི་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།


 
  
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1