ནག་ཆུའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-14


       བཀྲ་ཤིས་པའི་རྣམ་པ་དང་། སྐད་གསང་མཐོན་པོའི་འབྲོག་གླུ། མཛེས་པའི་གར་སྟབས། བརྗིད་ཉམས་ཀྱི་རྒྱན་གོས། ལྟས་མོ་ཆེ་བའི་རྟ་རྩལ་སོགས་ཀྱིས་ཟླ་བརྒྱད་པའི་བྱང་རྩ་ཐང་དེ་དགའ་སྤྲོ་འཁོལ་བའི་རྒྱ་མཚོར་གྱུར་ཡོད། ཟླ་8ཚེས་10ཉིན་གྱི་ཞོགས་པར། བོད་ལྗོངས་ནག་ཆུ་ས་གནས་ཀྱི་2018ལོའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་དེ་གེ་སར་རྟ་རྒྱུག་སྒྱུ་རྩལ་ཐང་དུ་འགོ་ཚུགས་ཡོད།

       ད་ལོའི་ནག་ཆུའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་དེ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བ་དང་ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་འགྱུར་བ་བརྗོད་བྱ་གཙོ་བོར་འཛིན་ནས། བྱེད་སྒོ་རབ་དང་རིམ་པ་སྤེལ་བས་ནག་ཆུའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་མངོན་པ་དང་། ནག་ཆུའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བྱ་གཞག སྐྱེ་ཁམས་དཔལ་ཡོན། ཏང་འཛུགས་སྐྱོང་བཅས་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ་ཧུར་ཐག་མངོན་པར་བྱས་ཡོད། དུས་ཡུན་ཉིན་ལྔ་ཡིན་པའི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གྱིས“མེས་རྒྱལ་གྱི་དུས་རབས་གསར་པ་དང་།  བྱང་ཐང་གི་འགོ་འཛུགས་ས་གསར་པ”ཞེས་པའི་འགོ་འཛུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཆེ་གྲས་དང་། མེ་ཕུང་དགོང་ཚོགས། དམངས་ཁྲོད་གླུ་བའི་འགྲན་བསྡུར། འབྲོག་གླུ་འགྲན་བསྡུར། རྡོ་འདེགས་འགྲན་བསྡུར། ཕོ་མོའི་ཐག་འཐེན་འགྲན་བསྡུར། འུར་རྡོའི་འགྲན་བསྡུར། རྟ་རྒྱུག་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་གཉེར་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1