དཀར་མཛེས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ནགས་བཟོའི་ཆེད་ལས་མཉམ་ལས་ཁང་གིས་ཁྱིམ་ཚང་དབུལ་པོར་འབབ་འཕར་གཏོད་རོགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-14



      དཀར་མཛེས་ཁུལ་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་7པའི་ཟླ་མཇུག་བར། དཀར་མཛེས་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ནགས་བཟོའི་ཆེད་ལས་མཉམ་ལས་ཁང་58བཙུགས་པ་དང་ཁོངས་མི་ཁྱོན་3840ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་3390ཚུད་ཡོད་པ་རེད།
       འདི་ལོའི་ཟླ་2པར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་《དབུལ་སྒྲོལ་འགག་སྒྲོལ་གྱི་ནགས་བཟོའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་》ཞེས་པ་བཀྲམ་སྟེ་ས་གནས་ཁག་ལ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོས་ཁོངས་མི་གཙོ་བོར་བྱེད་པ་དང་། ནགས་བཟོ་སྔོ་འགྱུར་གྱི་ལས་འགན་དང་ལེན་བྱ་རྒྱུ་ལས་སྒོ་གཙོ་བོར་བྱེད་པའི་ནགས་བཟོའི་མཉམ་ལས་ཁང་འཛུགས་དགོས་པ་དང་། མང་ཚོགས་དབུལ་པོས་སྣོད་བཅུད་འཛུགས་སྐྱོང་གི་ལས་དོན་སྒྲུབ་པ་དང་། ས་ཞིང་བརྒྱུད་བཤུག་གཏོང་བ། མ་རྐང་ནང་ཞུགས་པ་དང་ཐོབ་ཆ་བགོ་བ། འཛུགས་སྐྱོང་དང་དོ་དམ་བྱེད་རོགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་འབབ་འཕར་དབུལ་སྒྲོལ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་རྗེས་དཀར་མཛེས་ཀྲོའུ་ཡི་རྫོང་དང་གྲོང་ཁྱེར་ཁག་གིས་མྱུར་དུ་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།
      ཁྱོན་མི་འབོར་ཁྲི་5ལྷག་ཙམ་ཡོད་པའི་གསེར་རྟ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱ་རྒྱུའི་གཙོ་གནད་རྫོང་ཞིག་རེད་ལ་ཤིན་ཏུ་དབུལ་བའི་རྫོང་ཞིག་ཀྱང་རེད། 《སི་ཁྲོན་ནུབ་རྒྱུད་བོད་རིགས་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད(2013ལོ་ནས་2020ལོ་བར)》དང་ཞིང་ཆེན་གྱི་བྱེ་འགོག་བྱེ་བཅོས་ཀྱི་རྣམ་གྲངས་ལ་བརྟེན་ནས་རྫོང་འདིས་བྱེ་འགྱུར་ས་ཆ་སྤྱི་ཆིང་3500བཅོས་སྐྱོང་བྱས་ཟིན་ཡང་ད་དུང་བྱེ་འགྱུར་ས་ཆ་སྤྱི་ཆིང་ཁྲི་1.1བཅོས་སྐྱོང་བྱེད་དགོས་ཀྱི་ཡོད། མིག་སྔར། གསེར་རྟ་རྫོང་གི་ཤང་གྲོང་17ལ་ཁུལ་དབྱེ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ནགས་བཟོའི་ཆེད་ལས་མཉམ་ལས་ཁང་4བཙུགས་ཡོད་པ་རེད།
      གསེར་རྟ་རྫོང་ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས་ཀྱི་འགན་འཁུར་བས་སྔོན་མ་ལོ་རེར་བྱེ་འགྱུར་ས་ཆའི་བཅོས་སྐྱོང་རྣམ་གྲངས་ཐད་མ་དངུལ་སྒོར་ཁྲི་སྟོང་མང་པོ་གཏོང་གི་ཡོད་ཀྱང་དེའི་ནང་ཞུགས་མཁན་ཉུང་ཉུང་ཡིན་པས་ཞིང་འབྲོག་མང་ཚོགས་ཚོར་དེའི་ཁྲོད་ནས་ཕན་པ་ཐོབ་མེད་ད་ཆ་གསེར་རྟ་རྫོང་གི་ནགས་བཟོའི་ཆེད་ལས་མཉམ་ལས་ཁང་གིས་རྫོང་དེའི་2018ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ཆེད་དོན་རྣམ་གྲངས་ཀྱི་སི་ཁྲོན་ནུབ་བྱང་གི་བྱེ་འགྱུར་ས་ཆའི་བཅོས་སྐྱོང་རྣམ་གྲངས་དང་2017ལོའི་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་ནས་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་གསེར་རྟ་རྫོང་སི་ཁྲོན་ནུབ་རྒྱུད་ས་མཐོའི་སྣོད་བཅུད་ཉམས་ཞན་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་འགན་གཙང་བླངས་པ་དང་འདུ་འགོད་གཉིས་ལ་ཁྱོན་མ་འཇོག་སྒོར་ཁྲི་3478བྱས་ཡོད་ཅེས་ངོ་སྤྲོད་བྱས།
      གྲངས་གཞི་ལས་མངོན་པར། ཟླ་7པའི་ཟླ་མཇུག་བར། དཀར་མཛེས་ཁུལ་ལ་གསེར་རྟ་རྫོང་ཚུད་པའི་རྫོང་13དང་ནགས་བཟོའི་ཁེ་ལས་3ཡོད་ཅིང་། ཤང་གྲོང་58དུ་དབུལ་སྒྲོལ་འགག་སྒྲོལ་གྱི་ནགས་བཟོའི་ཆེད་ལས་མཉམ་ལས་ཁང་58བཙུགས་པར་ཁྱིམ་ཚང་3390ཞུགས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ནགས་བཟོའི་ཆེད་ལས་མཉམ་ལས་ཁང་གིས་སི་ཁྲོན་ནུབ་བྱང་གི་བྱེ་འགོག་བྱེ་བཅོས་དང་ཐན་པ་དང་ཕྱེད་ཐན་པ་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་འགན་གཙང་བླངས་པར་མ་དངུལ་སྒོར་དུང་ཕྱུར་1.77ཟིན་པ་ནས་ངལ་ནུས་ཕྱིར་གཏོང་ལ་སྒོར་དུང་ཕྱུར་1.062བཏང་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1