རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སློབ་གསོ་པུའུ་སོགས་ལས་ཁུངས་ཀྱི་སློབ་གསོ་པུའུ་ཡི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་སློབ་མར་གཞུང་དངུལ་སྟེར་བའི་སློབ་གསོའི་ལག་བསྟར་བྱེད་ཐབས་བརྒྱུད་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-14


        ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་སློབ་གསོ་པུའུ་སོགས་ལས་ཁུངས་ཀྱི་སློབ་གསོ་པུའུ་ཡི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་སློབ་མར་གཞུང་དངུལ་སྟེར་བའི་སློབ་གསོའི་ལག་བསྟར་བྱེད་ཐབས་བརྒྱུད་སྤེལ་བྱས། སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ཚེས་བཅུ་ཉིན་བཤད་རྒྱུར། བྱེད་ཐབས་ལས་སློབ་གསོ་པུའུ་ཡི་ཐད་གཏོགས་དགེ་འོས་སློབ་ཆེན་སློབ་མར་གཞུང་དངུལ་སྟེར་བའི་སློབ་གསོའི་སྲིད་ཇུས་ལ་གོ་རིམ་ལྡན་ཞིང་ཁྱོན་ཡོངས་ནས་གཏན་འཁེལ་བྱས་ཏེ། དགེ་འོས་སློབ་མའི་རིན་མེད་སློབ་གསོའི་སྲིད་ཇུས་དེ་དགེ་འོས་སློབ་མར་གཞུང་དངུལ་སྟེར་བའི་སློབ་གསོའི་སྲིད་ཇུས་སུ་ལེགས་སྒྲིག་བྱེད་ངེས་ཡིན་ཟེར།
        སློབ་གསོ་པུའུ་ཡི་འབྲེལ་ཡོད་མི་སྣས་བཤད་རྒྱུར། སློབ་གསོ་པུའུ་ཡིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཆ་ཚང་ཡིག་ཆ་ཞིབ་བཟོ་བྱེད་པ་དང་། ས་གནས་སློབ་གསོ་སྲིད་འཛིན་ལས་ཁུངས་དང་སློབ་གསོ་པུའུ་ཡི་ཁོངས་གཏོགས་དགེ་འོས་སློབ་ཆེན་གྱི་དོ་དམ་མི་སྣར་ཆེད་དོན་གསོ་སྦྱོང་བྱས་ནས། འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་བྱེད་པ་དང་སྲིད་ཇུས་སྣ་ཚོགས་ཚད་ལྡན་དུ་བཏང་ནས་སྲིད་ཇུས་དངོས་འབེབས་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་འགན་སྲུང་བྱེད་ངེས་ཡིན་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1