༄༅།། ཏང་དང་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་བར་གྱི་འབྲེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-14


        དེ་ཡང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་ཏུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》གསར་པ་དེའི་ལེའུ་བཅུ་པའི་ནང་དུ་དམིགས་སུ་བཀར་ནས་ཏང་དང་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་བར་གྱི་འབྲེལ་བ་ཅི་འདྲ་ཡིན་པ་འདི་ལྟར་བཀོད་ཡོད་དེ།
        ཀྲུང་གོའི་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་སྔོན་ཐོན་གཞོན་ནུ་རྣམས་ཀྱི་ཐུན་མོང་ཚོགས་པའི་རྩ་འཛུགས་ཤིག་དང་། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ལག་ལེན་དངོས་ཀྱི་ནང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་སློབ་སྦྱོང་བྱེད་སའི་སློབ་གྲྭ་ལྟ་བུ་ཡིན་ལ། གུང་ཁྲན་ཏང་གི་བློས་ཐུབ་ཀྱི་ལས་རོགས་པ་དང་རྗེས་གྲབས་དམག་བཅས་ཡིན་པར་གསུངས་པ་དང་། གུང་གཞོན་ཚོགས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་དུ་ལེན་དགོས་ལ། གུང་གཞོན་ཚོགས་པའི་ས་གནས་ཀྱི་རྩ་འཛུགས་རིམ་པ་ཁག་གིས་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་ལེན་བྱ་རྒྱུ་དང་ཆབས་ཅིག་ཏུ་གུང་གཞོན་ཚོགས་པའི་གོང་རིམ་རྩ་འཛུགས་ཀྱི་མགོ་ཁྲིད་དང་ལེན་བྱ་དགོས་པ་ཡིན།
        ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གིས་གུང་གཞོན་ཚོགས་པར་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། གཞོན་ནུ་ཚོགས་པའི་ལས་བྱེད་པ་འདེམ་བསྐོ་དང་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུར་ནན་ནན་ཏིག་ཏིག་གིས་དོ་སྣང་དང་ཡིད་འཇོག་བྱེད་དགོས། གུང་གཞོན་ཚོགས་པས་རྒྱ་ཆེའི་གཞོན་ནུའི་ཁྱད་ཆོས་དང་དགོས་མཁོར་གཞིགས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསར་སྐྲུན་བྱེད་ཤུགས་ཆེན་པོ་ལྡན་པའི་སྒོ་ནས་ལས་ཀ་བྱེད་པར་ཏང་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་གཞོན་ནུ་ཚོགས་པའི་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་དང་རྒྱ་ཆེའི་གཞོན་ནུ་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་ཡིན།
        རྫོང་རིམ་པ་དང་རྫོང་རིམ་པ་མན་གྱི་གཞོན་ནུ་ཚོགས་པའི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་གཙོ་བཞུགས་དབུ་འཛིན་ཧྲུའུ་ཅི་དང་། ཁེ་ལས་དང་དོན་ལས་སྡེ་ཚན་གྱི་གཞོན་ནུ་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་མགོ་གཙོ་ཧྲུའུ་ཅི་ནི་ཏང་ཡོན་ཡིན་ན། རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སུ་ཟུར་ཞུགས་བྱེད་ཆོག་པ་ཡིན། དེའི་ཕྱིར། རྒྱལ་གཅེས་རིང་ལུགས་ཀྱི་མཁས་པ་ཆེན་པོ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་སྐབས་ཐོག་དེར་གུང་ཁྲན་ཏང་ལ་འདི་ལྟར་བསྔགས་པ་བརྗོད་མྱོང་སྟེ། རྒྱལ་ཡོངས་མི་དམངས་སྡུག་བསྔལ་ཁྲི་ཕྲག་གིས། ། མནར་བའི་ཉམས་ལ་སྙིང་རྗེའི་མ་བཟོད་པར། །འཇིགས་བྲལ་དཔའ་བོའི་གོ་ཆ་ལྷུར་བཞེས་ཏེ། །དང་པོར་དགྲ་ལས་རྒྱལ་བ་གུང་ཁྲན་ཏང་། །ཞེས་བསྟོད་བསྔགས་བྲིས་པ་ཁོང་གི་གསུང་རྩོམ་པོད་གཉིས་པའི་ནང་དུ་བཀོད་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1