མེ་ཏོག་རྣམ་པར་བཞད་པའི་བཙན་ལྷ་རྫོང་དུ་ཡུལ་སྐོར་བ་ཇེ་མང་དུ་གྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-15


        བཙན་ལྷའི་མི་ཕམ་ཡུལ་ཚོའི་ཁང་ལེ་སྡེ་བར་སྐལ་བཟང་མེ་ཏོག་རྣམ་པར་བཞད་པས། ས་གནས་དེའི་མང་ཚོགས་དང་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་རྣམས་སྤྲོ་བའི་ཁེངས་ཡོད། 

        ཡིད་འོང་ཁྱད་དུ་མཚར་བའི་བཙན་ལྷའི་ཡུལ་ཁམས་སུ་མེ་ཏོག་སྣ་ཚོགས་ཐང་མལ་བརྡལ་ཡོད་ལ། དེ་ལས་སྐལ་བཟང་མེ་ཏོག་ནི་ཚོམ་བུ་ཚོམ་བུ་བྱས་ནས་སྐྱེས་ཏེ་ཁྱིམ་གཞིས་ཤིག་ཆགས་པ་དང་འདྲ་ལ། ཕྱེ་མ་ལེབ་དང་སྦྲང་མའི་འཚང་ཁ་བྱེད་པ་ནི་མེ་ཏོག་ལ་འཚམས་འདྲི་བྱེད་པ་ཀུན་ནས་མཚུངས།  ས་གནས་དེའི་མང་ཚོགས་དང་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ཀྱིས་མེ་ཏོག་རྒྱ་མཚོ་བཞིན་ཆགས་པའི་ཡུལ་ཁམས་འདིར་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་ནས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1