གཡུར་དུ་ཟ་བའི་ལོ་ལེགས་སྨིན་པ།

མགོན་པོ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-15


        ནས་སླར་ཡང་སྨིན་སོང་། ཉིན་འགའ་འགོར་རྗེས་ནས་བསྡུ་དགོས་ཞེས་གཟི་རྩ་སྡེ་དགུ་རྫོང་སྟག་ལོ་ཡུལ་ཚོ་ལྡོང་དཔལ་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་ལིའུ་ཧྥང་རྨིན་གྱིས་མདུན་ཕྱོགས་ཀྱི་གསེར་མདོག་གི་ནས་ཞིང་བསྟན་ནས་དགའ་སྤྲོའི་ངང་བཤད་བྱུང་། ཉིན་དེ་ནི་ཟླ8པའི་ཚེས4ཉིན་ཡིན། 

        ན་ནིང་གི་ཟླ8པའི་ཚེས12ཉིན་རྣམ་པ་དེ་འདྲ་ཞིག་བྱུང་། 8.8ཀྱི་གཟི་རྩའི་ས་འགུལ་བྱུང་བའི་ཉིན་བཞི་བར། ལྡོང་དཔལ་གྲོང་སྡེས་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་སྡེ་དམངས་ཁྲིད་དེ་ནས་དང་ཕྱུགས་རྩྭ་མུའུ150བསྡུས་ཤིང་། གྲོང་སྡེ་དེ་ཡི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་སེམས་མཐུན་པའི་ལག་རྡང་སྦྲེལ་ནས་དུས་ཐོག་ཏུ་གནོད་སེལ་རྒུད་སྐྱོབ་དང་ཐོན་སྐྱེད་རང་སྐྱོབ་བྱས་པ་རེད།

        ན་ནིང་། 8.8ཀྱི་གཟི་རྩ་སྡེ་དགུའི་ས་འགུལ་སྐབས་སུ་སྟག་ལོ་ཡུལ་ཚོ་ལྡོང་དཔལ་གྲོང་སྡེའི་ཡ་ལུའུ་ཀྲའེ་སྡེ་བའི་ཡི་ཁྱིམ་ཚང་21གི་མི125ལྷག་གི་རྒྱུ་ནོར་ལ་གནོད་སྐྱོན་ཚབས་ཆེན་ཐེབས། ཁང་བའི་རྩིག་རྨང་ཞིག་ནས་ཤུལ་དུ་ཀ་གདུང་ལས་ལྷག་མེད་ཅིང་། ཚེས་12ཉིན་ལྡོང་དཔལ་སྡེ་བ་ ཕ་ཡུལ་བསྐྱར་སྐྲུན་གྱི་ལས་ཀར་ཞུགས།

        སྡེ་བའི་ཨུ་ལྷན་གཉིས་ཀྱིས་རྫོང་དང་ཡུལ་ཚོའི་གཅིག་གྱུར་བཀོད་སྒྲིག་ལྟར། ལོ་ཏོག་དང་ཕྱུགས་ཟོག  ཁང་བ་སོགས་ལ་གནོད་འཚེ་ཐེབས་ཚུལ་སྡོམ་རྩིས་བྱས་པར་མ་ཟད།   དུས་ཐོག་ཏུ་གོང་རིམ་ལ་ཡར་ཞུ་བྱས། དེ་མིན་སྡེ་བའི་ནང་གི་མང་ཚོགས་རྣམས་རྩྭ་འཛུགས་བྱས་ནས། ནས་དང་ཕྱུགས་རྩྭ་སོགས་རྨོ་འདེབས་ཀྱི་ལས་ལ་ཞུགས།

        ལིའུ་ཧྥང་རྨིན་གྱིས་གསར་འགོད་པར་བཤད་རྒྱུར། སྔོན་ཆད་ས་འདིའི་ཁང་བ་ནི་ས་རྡོ་རྐྱང་བས་གྲུབ་པ་ཡིན་པས།  ས་འགུལ་ཁྲོད་གནོད་འཚེ་ཚབས་ཆེན་ཐེབས་པས།ད་ཐེངས་ང་ཚོས་གྱོ་མོ་དང་ཨར་འདམ་སོགས་གཅིག་གྱུར་དུ་ཉོས་ནས་དུས་ཐུང་ཟླ་གཅིག་གི་རིང་ལ་མང་ཚོགས་ཀྱི་ཁང་བ་བསྐྱར་སྐྲུན་ལེགས་པར་འགྲུབ་ཡོད།ཁང་བ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་ས་འགུལ་སྔོན་འགོག་གི་རེ་འདུན་ལྟར་སྡོད་ཁང་གསར་སྐྲུན་བྱས་ལ།  སྡོད་ཁང་གསར་བ་སྐྲུན་ཚར་རྗེས་སུ་སྲིད་གཞུང་གིས་ཁྱིམ་ཚང་རེ་ལ་སྒོར་8000རེའི་གསབ་དངུལ་སྟེར་བ་རེད།

        གསར་འགོད་པ་སྡེ་བ་འདིའི་མང་ཚོགས་རིག་དགའ་ཚང་གི་ཁྱིམ་དུ་བཅར་འདྲིར་འགྲོ་སྐབས་སུ་ཁོའི་ཁང་བའི་ཕྱི་ནང་ཚང་མ་ལེགས་པར་འགྲུབ་ཡོད་པར་མ་ཟད། ཁྱིམ་ནང་གི་མཁོ་ཆས་ཀྱང་ཆ་ཚང་ཉོས་ཡོད་པ་མཐོང་། སྡེ་བའི་འགོ་ཁྲིད་ཚོས་ཡང་དག་པའི་སྣེ་ཁྲིད་འོག་ས་འགུལ་བྱུང་རྗེས་ང་ཚོས་ཐོན་སྐྱེད་སླར་གསོ་ལ་འབད་པས། ད་ལོ་ཡང་ནས་འདེབས་ཐུབ་པར་མ་ཟད། ཕྱུགས་ཟོག་སོགས་ཐོན་སྐྱེད་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མེད་ཅེས་ཁོས་བཤད་བྱུང་།

        ལེ་ལོ་སྒྱིད་ལུག་དང་བྲལ་ནས་འབད་པ་ལྷུར་ལེན་ནི་ཡ་ལུའུ་ཀྲའེ་སྡེ་བའི་གནོད་རྗེས་བསྐྱར་སྐྲུན་གྱི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་ཡིན་ལ།ཁོ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཐོན་སྐྱེད་འཚོ་བ་དང་ལས་ཞུགས་ཡོང་འཕར་སོགས་ལ་བརྩོན་བཞིན་གདའ།

        བསྐྱར་སྐྲུན་ལས་ཀ་ལེགས་པར་གྲུབ་རྗེས་སྡེ་བའི་ན་གཞོན་ཚོ་ཡང་ཁོམ་ལོང་མེད་པར་གྱུར་ཡོད། ཁོ་ཚོའི་ནང་གི་མང་ཕྱོགས་ཁྲེང་ཏུའུ་སོགས་ས་ཆ་སོ་སོར་སོང་ནས་ལས་ཞུགས་བྱེད་བཞིན་ཡོད་ལ། ཉུང་ཕྱོགས་ཞིག་ཕ་ཡུལ་དུ་བསྡད་ནས་ཕྱུགས་འཚོ་བ་དང་སྨན་རྩྭ་འཐུ་བ། ཞིང་རྨོ་བ་སོགས་ལ་བྲེལ་བཞིན་ཡོད།
        ད་ལྟའི་ཡ་ལུའུ་ཀྲའེ་སྡེ་བའི་སྡོད་ཁང་གི་ཚུགས་ཀ་ཡང་དེ་སྔའི་རྣམ་པ་ལྟར་བསྐྱར་དུ་བསྐྲུན་ཡོད་ཅིང་།རི་ཆུའི་ཀློང་ན་བཟོ་དབྱིབས་མཛེས་ལ་གྲལ་འགྲིག་པོར་ཆགས་ཡོད།གནོད་རྗེས་ཀྱི་ལོ་དང་པོར་ཞིང་ནང་གི་ལོ་ཏོག་ལ་འབྲས་བུ་སྨིན་པས།མང་ཚོགས་ཀྱི་གདོང་ལ་འབྲས་བཟང་ལོ་ལེགས་སྨིན་པའི་སྤྲོ་དགའ་ཡིས་ཁེངས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1