མཛོད་དགེ་རྫོང་གིས་བྱེ་ཐང་ཞིང་སར་བསྒྱུར་བ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བརྙན་འཕྲིན་ཁང་། སྤེལ་དུས། 08-17


        ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལྟ་བ་དམིགས་སུ་བཟུང་ནས། བྱེ་འགོག་བྱེ་བཅོས་ལས་ཀར་འབད་བརྩོན་གྱིས་ཐབས་ཤེས་སྣ་ཚོགས་འཐེན་ཏེ་བྱེ་ཐང་སྔོ་ལྗང་ཅན་དུ་བསྒྱུར་བས་སྐྱེ་ཁམས་སླར་གསོའི་ལས་ཀར་ཕན་འབྲས་མངོན་གསལ་ལོན།

        ལོ་ངོ་20རིང་ནས་བཟུང་མཛོད་དགེ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་ཏེ། མཐོ་སྒང་གི་ལྕང་མའི་བྱེ་འགོག་ཉམས་མྱོང་སྤྱི་སྡོམ་གང་ལེགས་སྒོས། སྔོན་གྱི་ལོ་རེའི་བྱེ་འགྱུར་ཚད་བརྒྱ་ཆ་10.39ནི་ད་ལྟའི་བརྒྱ་ཆ་5.32ལ་ཆུང་དུ་བཏང་ཡོད་པས། ་སྐྱེ་ཁམས་ལེགས་པའི་མཛོད་དགེ་བསྐྲུན་པར་རྨང་གཞི་བརྟན་པོར་བཏིངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1