ཇོ་མོ་གླང་མའི་ཞབས་ཀྱི་སྦྲག་སྲིད་ཁང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-20


        འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་གཤམ་དུ་བྲེལ་འཚུབ་ཀྱིས་ཁེངས་པའི་སྦྲག་སྲིད་ཁང་ཞིག་ཡོད། ཉིན་ལྟར་གྱི་ཉི་གཞོན་འཆར་ཀ་ནས་ནམ་མཁར་སྐར་ཚོགས་ཤར་བའི་བར།  ཡིག་སྐོག་མེད་པའི་འཕྲིང་ཡིག་སྟོང་ལྷག་ལ་སྦྲག་ཐམ་བརྒྱབ་ནས་ཟླ་ཕྱེད་ཀྱི་དུས་ཚོད་ནང་འཛམ་གླིང་ས་ཕྱོགས་གང་སར་བསྐྱལ་གྱི་ཡོད།

       ལོ་20ཡི་སྔོན་དུ། སྦྲག་སྲིད་ཁང་འདི་ཇོ་མོ་གླང་མའི་བྱང་ངོས་ཀྱི་སྒར་ས་ཆེ་མོར་བཙུགས་ཡོད། ས་བབ་མཐོ་ཚད་སྨི་5200ཐིན་པས་མི་རྣམས་ཀྱིས“འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་སྦྲག་སྲིད་ཁང”ཞེས་འབོད། ད་ལོ་ལོ་26ལ་སླེབས་པའི་མཚོ་མོ་ནི་2011ལོར་གཞིས་རྩེའི་ལས་རིགས་ལག་རྩལ་སློབ་གྲྭ་ནས་ཐོན་ཏེ་སྦྲག་སྲིད་ཁང་འདིའི་ནང་གི་ལས་ཀ་བྱེད་མཁན་གཅིག་པོ་དེར་གྱུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1