སྲོལ་རྒྱུན་བཟང་པོ་དར་སྤེལ་དང་ལས་ཀའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་དགོས་མཁོ་སྔར་ལས་ལེགས་པོར་བསྐང་དགོས།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-21



             ཟླ་8ཚེས་19ཉིན་ནི་ཀྲུང་གོའི་སྨན་པའི་དུས་ཆེན་ཐོག་མ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕིང་ཆིང་ཧྭ་ཡིས་མངགས་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགན་འཛིན་དབྱི་ལི་ཡིས་ཉིན་དེར་ཆེད་དུ་རང་རེའི་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་སྐོར་གྱི་ལས་ཁུངས་རེ་འགའ་རུ་ཕེབས་ནས་ལས་གནས་དང་པོ་ན་ཡོད་པའི་སྨན་པ་རྣམས་ལ་འཚམས་འདྲི་གནང་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་འཕྲོད་བསྟེན་དང་བདེ་ཐང་གི་བྱ་བ་གཉེར་མཁན་རྣམ་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། སྨན་བཅོས་ཀྱི་དམིགས་ཡུལ་ཡིད་ལ་བརྟན་པོར་ངེས་པ། སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་བ་བཅས་ལ་སྐུལ་འདེད་གཏང་དགོས་པར་མ་ཟད། མུ་མཐུད་དུ་ལས་ཀའི་འཇོན་ནུས་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་ཐོག  མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་འཕྲོད་བསྟེན་དང་བདེ་ཐང་གི་དགོས་མཁོ་བསྐངས་པ་དང་།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དོན་དངོས་ཐོག་སྨན་པར་བརྩི་བཀུར་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་སྲོལ་བཟང་ཞིག་ཆགས་སུ་བཅུག་ནས། སྨན་བཅོས་མི་སྣས་ལས་འགན་ལེགས་འགྲུབ་ཆེད་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན།
          དབྱི་ལི་ཡིས་ཀྲུང་གོས་སྨན་པའི་དུས་ཆེན་གྱི་སྲོལ་བཏོད་པ་ཡིས་ཏང་ཀྲུང་དབྱང་གིས་འཕྲོད་བསྟེན་བདེ་ཐང་གི་བྱ་བ་ལ་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་རྒྱ་ཆེའི་སྨན་བཅོས་མི་སྣ་ལ་སེམས་ཁུར་བྱས་པ་དེ་མཚོན་པས། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཐད་བྱ་བ་བསྒྲུབ་མཁན་གྱིས་འགན་འཁྲི་ཁུར་ཕོད་པ་དང་འཇོན་ནུས་འདོན་སྤེལ་ཐུབ་པར་བྱས་ནས། ཧུར་ཐག་གིས་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་གི་བྱ་བཞག་ཁྲོད་ཞུགས་པ་དང་། ནུས་པ་ཇེ་ཆེར་འདོན་པ། ལས་ཀ་ནན་ཏན་གྱིས་སྒྲུབ་པ་བཅས་བྱས་ཏེ། བདེ་ཐང་གི་སི་ཁྲོན་འཛུགས་སྐྱོང་དང་དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་སུ་གཏང་ཆེད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་པའི་རེ་བ་ཡོད་ཅེས་བསྟན།
          དབྱི་ལི་ཡིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྨན་བཅོས་མི་སྣར་སྔར་ལས་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། སྨན་བཅོས་མི་སྣའི་ཤེས་བྱའི་ངལ་རྩོལ་གྱི་གྲུབ་འབྲས་ལ་བརྩི་བཀུར།སྨན་བཅོས་མི་སྣའི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་དང་། གོམ་གང་མདུན་སྤོས་ཀྱིས་ཁོར་ཡུག་བསྐྲུན་པ། ལམ་ལུགས་འཐུས་ཚང་དུ་བཏང་ཐོག   སྨན་བཅོས་མི་སྣའི་རང་ཉིད་ཡར་ཐོན་དང་སྔར་ལས་ལེགས་པའི་སྒོ་ནས་བྱ་བ་བསྒྲུབ་པར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1