རྨ་ཆུའི་འབྱུང་ཁུངས་ཀྱི་འདབ་ཆགས་དང་རི་དྭགས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-22


        ཉེ་ཆར། གསར་འགོད་པ་ས་བབ་མཐོ་ཚད་སྨི་4500ཡན་གྱི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྟེ་རྨ་ཆུའི་འབྱུང་ཁུངས་སུ་བསྐྱོད་ཡོད།

        རྨ་སྟོད་རྫོང་ཁོངས་སུ་གཙང་པོ་དང་མཚོ་མང་པོ་ཡོད་ལ། དེའི་ནང་ནས་སྐད་གྲགས་ཆེ་ཤོས་ནི་མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཡིན་ཞིང་། “གཅེན་གཅུང་མཚོ”དེ་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་ཁོངས་སུ་བཅུག་ཡོད།

       ཉེ་བའི་ལོ་ཤས་རིང་། གཙང་གསུམ་འབྱུང་ཁུངས་སྲུང་སྐྱོབ་ཀྱི་ལས་གྲྭ་ཐེངས་དང་པོ་དང་ཐེངས་གཉིས་པ་ལག་བསྟར་བྱུང་བ་དང་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་སྦྲགས། རྨ་སྟོད་རྫོང་གི་སྐྱེ་ཁམས་སྲུང་སྐྱོབ་ཆུ་ཚད་རྒྱུན་སྲིང་ལེགས་གཏོང་དང་། མཚོ་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་གྲངས་འབོར་བརྟན་པོའི་ངང་འཕར་ཡོད། མཚོ་སྔོན་ནགས་ལས་སྡེ་ཁག་གི་བསྡོམས་རྩིས་ལས་མངོན་པར་གཞིགས་ན། རྨ་སྟོད་རྫོང་རྨ་ཆུའི་འབྱུང་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་ནང་ད་ཡོད་ཀྱི་རི་སྐྱེས་སྒལ་ཚིགས་ཅན་གྱི་སྲོག་ཆགས་རིགས་78ཡོད་ཅིང་། དེའི་ནང་བྱ་རིགས་40དང་། གཅན་གཟན་རིགས་30 ཉ་རིགས་8བཅས་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་རིགས་69ཡོད་ཅིང་། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་དང་། ཤྭ་དམར། རྐྱང་། འབྲོང་། ཁྲུང་ཁྲུང་སྐེ་ནག གླག་སྐེ་སེར་སོགས་རིགས་9དང་། མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་རིགས་13ཡོད། རྨ་སྟོད་རྫོང་ནི་རྐྱང་དང་དགོ་བའི་ཁྱུ་ཚོགས་མང་དུ་འདུས་ཁུལ་གྲས་ཤིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1