༄༅།། འབྲོང་སིལ་ཟོས་ན་སྙིང་ནད་ཀྱི་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-07



        ཚ་གདུག་ཆེ་བའི་དབྱར་གཞུང་དུ།འབྲོང་སིལ་སྐོམ་ཆུ་ལ་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད།ཉེ་ཆར།དབྱིན་ཇི་དང་འཇར་མན།སི་ཕེན་བཅས་ཀྱིས་མཉམ་དུ་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན།འབྲོང་སིལ་ཟོས་ན་ཁྲག་རྩའི་བདེ་ཐང་རྒྱུན་སྲུང་བྱེད་ཐུབ་ལ།ཁྲག་གི་འཁོར་རྒྱུག་ཇེ་ལེགས་སུ་འགྲོ་བར་མ་ཟད།སྙིང་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་རེད།

        དབྱིན་ཇི་སློབ་ཆེན་སློབ་གླིང་དང་འཇར་མན་ཏུའུ་སེར་ཏོ་ཧྥུའུ་སློབ་ཆེན།སི་ཕེན་མུར་ཞི་ཡ་སློབ་ཆེན་བཅས་ཀྱིས་གྲུབ་པའི་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་ཞིག་གིས་ཚོད་ལྟར་ཞུགས་མཁན་གྱི་མི10བཙལ་ནས།ཁོ་ཚོར་སོ་སོར་འབྲོང་སིལ་གྱིས་བཟོས་པའི་སྐོམ་ཆུ་ཁེ200ནས400དང་།ཡང་ན་ཁ་དོག་དང་བྲོ་བ།ཏའོ་ཧྥུན་རིགས་ཀྱི་དངོས་པོའི་འདུས་ཚད་སོགས་འདྲ་མཚུངས་ཡིན་པའི་སྐོམ་ཆུ་འཐུང་དུ་བཅུག་པ་དང་།མ་བཏུངས་པའི་སྔོན་གྱི་དུས་ཚོད་གཉིས་དང་བཏུངས་རྗེས་ཀྱི་ཉིན་གཅིག་གི་རྗེས་སུ་སོ་སོར་ཁྲག་དང་གཅིན་ལ་བརྟག་དཔྱད་བྱས་པ་ན།འབྲོང་སིལ་ཟོས་པའི་ཚོད་ཞུགས་མཁན་གྱི་ཁྲག་རྩའི་རྐྱོང་སྐུམ་བྱེད་ནུས་ཧ་ཅང་བཟང་ལ།ཁྲག་གི་འཁོར་རྒྱུག་ཇེ་ཆེར་འགྲོ་བའི་སྐབས་སུ་འཕར་རྩ་རྒྱ་བསྐྱེད་པའང་ཧ་ཅང་བཟང་བ་རེད།ཁྲག་རྩའི་རྐྱོང་སྐུམ་བཟང་མིན་ནི་ཁྲག་རྩའི་ནང་ལྤགས་སྐྱི་མོ་བདེ་ཐང་ཡིན་མིན་ལ་ལྟ་བའི་ཚད་གཞི་གལ་ཆེན་ཞིག་ཡིན་པས།དེ་ལས་སྙིང་ནད་འབྱུང་བའི་ཉེན་ཁའི་ཆེ་ཆུང་ཚོད་དཔག་བྱེད་ཐུབ།
        ཞིབ་འཇུག་འདིའི་མཐོ་རིམ་རྩོམ་པ་པོ་ཨན་ནཱ•ལོ་ཏེ་ལི་ཀེས་ཚི•མཱ་ཐའེ་ཨོ་སི་ཡིས་བཤད་རྒྱུར།རྒྱུན་དུ་འབྲོང་སིལ་ཟོས་ན་སྙིང་ནད་འབྱུང་བའི་ཉེན་ཁ15%ཡས་མས་ཇེ་དམའ་རུ་གཏོང་ཐུབ་པར་འདོད་ཀྱིན་ཡོད།ཁྲག་རྩའི་རྐྱོང་སྐུམ་ནུས་པ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས།ཚོད་ཞུགས་མཁན་གྱི་ཁྲག་རྒྱུན་ཁྲོད་ཀྱི་སྙིང་ནད་ལ་ཕན་པའི་གཅིན་ཀམ་རྙིང་ཚབ་གསར་བྱེད་དངོས་པོའང་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད།དེའི་རྒྱུ་མཚན་ནི་འབྲོང་སིལ་ཁྲོད་ཀྱི་རོའུ་ཧྭ་ཏན་ཉིང་སྐྱུར་འཇུ་བའི་སྐབས་སུ།འཇུ་ལམ་གྱི་སྲིན་འབུའི་བྱེད་ནུས་འོག་རྙིང་ཚབ་གསར་བྱེད་ཀྱི་དངོས་པོ་དེ་བྱུང་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1