ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་རི་མཚོ་སྐོར་བའི་འགྲན་བསྡུར་བོད་ལྗོངས་མངའ་རིས་སུ་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-12


    2018ལོའི་སྐབས་དང་པོའི་མངའ་རིས་ཀྱི་གངས་རིན་པོ་ཆེ་སྐོར་བའི་བྱེས་བགྲོད་རྒྱུག་ཤར་དང་མ་ཕམ་གཡུ་མཚོ་སྐོར་བའི་རྐང་འཁོར་བྱེས་བགྲོད་འགྲན་སློང་འགྲན་བསྡུར་ཟླ་9ཚེས་9ཉིན་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ཧོར་ཤང་དུ་འགོ་ཚུགས་པ་རེད།
     ཤེས་རྟོགས་བྱུང་བ་ལྟར་ན། མ་ཕམ་གཡུ་མཚོ་སྐོར་བའི་རྐང་འཁོར་བྱེས་བགྲོད་འགྲན་སློང་འགྲན་བསྡུར་དེ་ས་བབ་མཐོ་ཚད་སྨི་4600ལས་བརྒལ་བས་ད་བར་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་བྱེས་བགྲོད་མཚོ་སྐོར་འགྲན་བསྡུར་ཞིག་ཡིན་པ་དང་།   འགྲན་བསྡུར་བྱེད་ས་དེ་ཀྲུང་གོའི་གནས་མཚོ་གསུམ་གྱི་གྲས་མ་ཕམ་གཡུ་མཚོ་ཡིན་པ་རེད།            

     ངོ་སྤྲོད་བྱས་པར་ཞིག་ན་།  མཚོ་སྐོར་འགྲན་བསྡུར་ལ་སྐྱེས་པའི་ཚོ་ཆུང་དང་བུད་མེད་ཀྱི་ཚོ་ཆུང། ཚོགས་པའི་ཚོ་ཆུང་བཅས་ཡོད་ཅིང་། སྤྱི་ལེ་56གི་དུས་བཀག་འགྲན་བསྡུར་གྱི་ལམ་བུ་དང་། འགྲན་མཇུག་ལམ་བུ་སྤྱི་ལེ་42བཅས་ལམ་ཧྲིལ་པོར་སྤྱི་ལེ་98ཡོད། འགྲན་བསྡུར་ལམ་ཐིག་ནི་བོད་རིགས་མང་ཚོགས་ཀྱིས་ལོ་ངོ་སྟོང་ཕྲག་རིང་སྤྱད་པའི་སྲོལ་རྒྱུན་གྱི་གནས་འཇལ་འགྲོ་ལམ་ཡིན་པ་དང་། དེ་ནི་རང་བྱུང་ཡུལ་ལྗོངས་མཛེས་ཤིང་། ལམ་ཧྲིལ་པོ་རླབས་སྔོན་ཡམ་ཡོམ་དུ་གཡོ་བ་དང་།  གངས་རིས་སྐོར་བའི་མ་ཕམ་གཡུ་མཚོའི་མཐའ་འཁོར་དུ་སྤེལ་བས། བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཕྱི་ནང་གི་འཐུས་མི་རུ་ཁག་7གྱི་འགྲན་ཞུགས་པ་28ཀྱི་འགྲན་བསྡུར་ནང་ཞུགས་ཡོད། 

     ཐེངས་འདིའི་མཚོ་སྐོར་རྐང་འཁོར་བྱེས་བགྲོད་འགྲན་བསྡུར་ནི་2018ལོའི་མངའ་རིས་ཀྱི་རི་མཚོ་སྐོར་བའི་བྱེས་བགྲོད་འགྲན་སློང་འགྲན་སྡུར་སྐབས་དང་པོའི་གྲུབ་ཆའི་གྲས་ཞིག་ཡིན་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ། པེ་ཅིང་ཀུ་ཤུ་བྱམས་སེམས་ཐེབས་རྩ་ཚོགས་པས་གཙོ་གཉེར་བྱས་པ་ཞིག་རེད། ཉིན་དེར། རི་སྐོར་བྱེས་བགྲོད་འགྲན་རྒྱུག་དང་གངས་རིན་པོ་ཆེའི་སྤྱི་ཕན་རི་སྐོར་སོགས་ཀྱི་རྣམ་གྲངས་ཀྱང་དུས་མཉམ་དུ་སྤེལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1