དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་གནད་དམ་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-12


—— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“སི་ཁྲོན་ལེའུ”ཡི་ཕུན་སུམ་ཚོགས་པའི་ནང་དོན་ལ་སྦྱོང་རྟོགས་བྱེད་པའི་དཔྱད་བརྗོད་དྲུག་པ། 

སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།


ཞིང་ལས་ནི་གནམ་འོག་གི་གལ་འགངས་ཆེ་ཤོས་ཀྱི་བྱ་གཞག་སྟེ།“ཞིང་གསུམ་”ནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་འགག་རྩ་རུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དེ་ནན་གྱིས་བསྟན་པའམ། ཡང་ན་“སི་ཁྲོན་ནི་‘ཐེན་ཧྥུའུ་རྒྱལ་ཁམས་’ཡིན་པ་ངེས་གསལ་བྱས་པ་དང་། མགྱོགས་མྱུར་ངང་གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་གཏོང་བར་སྐུལ་འདེད་གཏང་དགོས་ཤིང་། གྲོང་གསེབ་འཚོ་བ་འབྱོར་ཕྱུག་ཡོང་བར་སྐུལ་འདེད་བཏང་ནས་སི་ཁྲོན་དེ་ཞིང་ལས་ཀྱི་ཞིང་ཆེན་ཡིན་པའི་གསེར་ཡིག་བྱང་བུ་ཇེ་གསལ་དུ་གཏང་དགོས།”ནན་ཏན་གྱིས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་རེ་བའམ་ཡང་ན་“ཁྱོན་ཡོངས་འབྱོར་འབྲིང་གི་ལམ་བུར་མི་རིགས་ཤིག་དང་ཁྱིམ་ཚང་གཅིག་ཀྱང་ལུས་མི་རུང་བ་གསལ་སྟོན་བྱས་པ་གང་ཡིན་རུང་།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པས་སི་ཁྲོན་གྱིས་དུས་རབས་གསར་པའི“ཞིང་གསུམ”ལས་ཀ་ཡག་པོར་བསྒྲུབ་པར་ཁ་ཕྱོགས་བཏོན་པར་མ་ཟད་ཐབས་བཟང་ཡང་བཏོན་ཡོད། ང་ཚོས་ངེས་པར་དུ་གཏིང་ཟབ་མོས་ཤེས་དགོས་པ་ཞིག་ནི་གལ་ཆེའི་རྣམ་བཤད་འདི་དག་ལས་རྒྱལ་གཅེས་དམངས་འཚོ་དང་འབྲེལ་བའི་གཞི་རྩ་རང་བཞིན་གྱི་གནད་དོན་ཞིབ་བརྗོད་གནང་ཡོད་ཅིང་། སི་ཁྲོན་གྱིས“ཞིང་གསུམ”ལས་ཀ་ནན་དུ་བཟུང་སྟེ་འཕེལ་རྒྱས་ཀྱིས་མི་འདང་སར་ཁ་གསབ་བྱས་ཏེ་ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཚན་རིག་གི་མཛུབ་སྟོན་དང་། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་གནད་དམ་པ་ཡིན་པ་རེད།

གནད་དམ་པ་འདི་གཙིགས་སུ་འཛིན་པར་བསམ་བློའི་འདུ་ཤེས་དང་ལས་ཀའི་ཚད་གཞིའི་ཐོག་ནས“ཞིང་གསུམ་ལས་ཀའི”ལྕི་ཚད་ཀྱི་འགངས་ཆེན་དང་འགན་དུ་འཁྲིའི་འགངས་ཆེན་འཐུས་ཚང་སྒོས་མངོན་པར་བྱ་དགོས། ཞིང་ལས་ཀྱི་རྨང་གཞི་སྲ་བརྟན་གཏོང་བ་ནི་གནའ་ནས་ད་ལྟའི་བར་གྱི་རྨང་གཞི་སྲ་བརྟན་དང་མི་དམངས་བདེ་སྐྱིད་ཡོང་བའི་གཙོ་གནད་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ལས་ཞིང་ལས་དང་ཞིང་གྲོང་སྔོན་དུ་འཕེལ་རྒྱས་གཏང་དགོས་པའི་བླང་བྱ་གསལ་པོ་བསྟན་ཞིང་། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས“ཞིང་གསུམ”གནད་དོན་དང་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་བར་ཁྱད་ལ་དམིགས་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་རིམ་སྒྱུར་ལ་དབྱེ་ཞིབ་བྱས་ན། ང་ཚོས་འཕེལ་རྒྱས་གླེང་བར་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བ། དེའི་ཁྲོད་ཆེས་ཆེ་བའི་འཕེལ་རྒྱས་དོ་མི་སྙོམས་པ་ནི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དོ་མི་སྙོམས་པ་དང་། ཆེས་ཆེ་བའི་འཕེལ་རྒྱས་འཐུས་སྒོ་མི་ཚང་བ་ནི་ཞིང་ལས་དང་ཞིང་གྲོང་འཕེལ་རྒྱས་འཐུས་སྒོ་མི་ཚང་བ་དེ་རེད། བྱེ་བྲག་ཏུ་སི་ཁྲོན་དུ་གྲོང་གསེབ་ཀྱི་ས་ཁོངས་རྒྱ་ཆེ་བ། མི་འབོར་མང་བ། ཐོན་ལས་ཞན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དོ་མི་སྙོམས་པ། ཞིང་ལས་དང་ཞིང་གྲོང་འཕེལ་རྒྱས་ཆེ་ཞིང་ཤུགས་མི་ཆེ་བའི་ཁྱད་གཤིས་མངོན་གསལ་ལྡན་པས། དུས་རབས་གསར་པའི་“ཞིང་གསུམ་”ལས་ཀ་ཡག་པོར་བསྒྲུབ་པར་སྔར་ལས་དཀའ་ཚགས་ཆེ་ཞིང་ལྕི་བའི་ལས་འགན་ཡོད། དེར་བརྟེན། ང་ཚོས་ངེས་པར་དུ་འཐབ་ཇུས་དང་ཕྱོགས་ཡོངས་ཀྱི་མཐོ་ཚད་ནས་གོམ་གང་མདུན་སྤོས་སྒོས་“ཞིང་གསུམ་”ལས་ཀའི་གལ་ཆེན་རང་བཞིན་གྱི་འདུ་ཤེས་ཟབ་སྤེལ་བྱ་དགོས་ཤིང་། ནུས་ཤུགས་གཉིས་ལྡན་གྱི་སྲིད་ཇུས་བྱེད་ཐབས་བཏོན་ཏེ་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཕུང་པོ་གཅིག་གྱུར་བྱེད་པ་དེ“ཞིང་གསུམ”གནད་དོན་ཐག་གཅོད་བྱ་བའི་རྩ་བའི་ཐབས་ལམ་བྱ་དགོས། སྣེ་ཁྲིད་ཡག་པོས་ཞིང་ལས་མཁོ་སྤྲོད་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གང་ལེགས་ཀྱིས་སྤེལ་དགོས་ཤིང་། ཞིང་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག ཚོང་གཉེར་མ་ལག་ལེགས་སྒྱུར་དང་། མགྱོགས་མྱུར་སྒོས་ཞིང་ལས་དང་ཞིང་གྲོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གསོ་སྤེལ་བྱས་ཏེ། སི་ཁྲོན་དེ་ཞིང་ལས་ཆེན་པོའི་ཞིང་ཆེན་ནས་ཞིང་ལས་སྟོབས་ལྡན་ཞིང་ཆེན་དུ་མཆོང་སྐྱོད་བྱེད་པ་མངོན་འགྱུར་བྱ་དགོས་ཤིང་། ནན་གྱིས་སི་ཁྲོན་གྱི་ཞིང་ལས་ཞིང་ཆེན་གྱི་གསེར་ཡིག་བྱང་བུ་དེ་ཇེ་གསལ་དུ་གཏང་དགོས།

“ཞིང་གསུམ་”ལས་ཀ་ཡག་པོར་བསྒྲུབ་དགོས་ན། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་སྤྱིའི་འཆར་འཛིན་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པར་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་བཏོན་ཞིང་། འདི་ནི་ཞིང་གྲོང་འཕེལ་རྒྱས་ཇེ་མགྱོགས་གཏོང་བ་དང་ཞིང་པའི་འཚོ་བ་ལེགས་བཅོས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཕུང་པོ་གཅིག་ཅན་དུ་སྐུལ་འདེད་གཏོང་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན། ང་ཚོས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལྟར་གྲོང་གསེབ་ཐོན་ལས་དར་སྤེལ་དང་། ཤེས་ལྡན་མི་སྣ་དར་སྤེལ། རིག་གནས་དར་སྤེལ། སྐྱེ་ཁམས་དར་སྤེལ། རྩ་འཛུགས་དར་སྤེལ་བཅས་“ལེའུ་ལྔ་”ནན་གྱིས་བསྒྲུབས་ཏེ། དེང་རབས་ཞིང་ལས་འཕེལ་རྒྱས་དེ་ཞིང་གྲོང་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་དགོས་ཤིང་། འཚོ་བ་འབྱོར་ཕྱུག་ལྡན་པ་དེ་ཞིང་གྲོང་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་ལྟེ་བའི་འགན་འཁྲིར་འཛིན་པ། གཅིག་འདོམས་ཇུས་འགོད་དང་མཐུན་སྦྱོར་སྐུལ་སྤེལ་བྱས་ཏེ་སི་ཁྲོན་གྱི་ཞིང་གྲོང་ཐོན་ལས་ལ་རིམ་སྤར་ཆེན་མོ་དང་། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ཆེན་མོ། ཞིང་འདེབས་རིག་གནས་ཀྱི་རྒྱུན་འཛིན་ཆེན་མོ། ཞིང་གྲོང་སྤྱི་ཚོགས་ཀྱི་གོང་འཕེལ་ཆེན་མོ། ཞིང་པའི་འཚོ་བའི་ལེགས་བཅོས་ཆེན་མོ་བཅས་ཧུར་ཐག་གིས་མངོན་འགྱུར་བྱ་དགོས།

“ཞིང་གསུམ་”ལས་ཀ་དང་ཁྱོན་ཡོངས་འབྱོར་འབྲིང་ནི་དམ་ཟབ་ཏུ་འབྲེལ་ཡོད། སི་ཁྲོན་ལ་མཚོན་ན་དུས་ལྟར་ཁྱོན་ཡོངས་འབྱོར་འབྲིང་མངོན་འགྱུར་བྱ་ཐུབ་མིན་གྱི་འགག་རྩ་དང་དཀའ་གནད་དེ་གྲོང་གསེབ་དང་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ལ་རེག་ལས་ཤིང་། གཙོ་བོར་དབུལ་སེལ་འགག་སྒྲོལ་གྱི་གཡུལ་འཐབ་ལས་རྒྱལ་ཐུབ་མིན་ལ་རེག་ལས། ང་ཚོས་དབྱིས་རིགས་ས་ཁུལ་དང་བོད་རིགས་ས་ཁུལ་གྱི་དབུལ་སེལ་འགག་སྒྲོལ་དེ་ཁྱོན་ཡོངས་འབྱོར་འབྲིང་མངོན་འགྱུར་བྱ་བའི་གཙོ་དུ་འཛིན་དགོས་ཤིང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ཡོད་ཚད་བཏོན་ནས་དབུལ་སེལ་འགག་སྒྲོལ་གྱི་གཡུལ་འཐབ་ལག་ལེན་མཐར་ཕྱིན་བྱ་དགོས། ངེས་པར་དུ་ཤེས་དགོས་པ་ནི་གནད་སྨིན་དབུལ་གྲོལ་གྱི་གཡུལ་འཐབ་ལས་རྒྱལ་བ་ནི་ང་ཚོའི་ཆེས་ཆེ་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ཆེས་ཆེ་བའི་དམངས་འཚོའི་ལས་གཞི། ཆེས་ཆེ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཡིན་པ་ཤེས་དགོས། འདི་ནི་ངེས་པར་དུ་རྒྱལ་དགོས་པའི་གཡུལ་འཐབ་མཁྲེགས་པོ་ཞིག་དང་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་པའི་གཡུལ་འཐབ་ཅིག་ཡིན། གཡུལ་འཐབ་འདི་ཅི་འདྲའི་སྲ་མཁྲེགས་རུང་ངེས་པར་དུ་རྒྱལ་ཁ་ཐོབ་དགོས། དེར་བརྟེན། ངེས་པར་དུ་དབུལ་གྲོལ་སྤུས་ཀ་མཐོར་འདེགས་གཏོང་བ་དེ་ཨང་དང་པོར་འཛིན་ཏེ། དབུལ་ཕོངས་ཚབས་ཆེ་བའི་ས་ཁུལ་ལ་དམིགས་པ་དང་གཙོ་གནད་འབུར་དུ་ཐོན་པ། ཚད་གཞི་རྒྱུན་འཁྱོངས་བྱེད་པ། ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་སྤེལ་བཏང་སྟེ། གཞི་རྩའི་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཤུགས་སྣོན་བྱས་ནས། ཚེམ་དྲུབ་ལྟ་བུའི་ནུས་ཤུགས་ཀྱིས་རུས་པ་སྲ་མོ་འཆའ་བ། ཚར་གཅོད་དམག་འཐབ་རྒྱག་པ། གཡུལ་འཐབ་ལས་ཡོངས་སུ་མ་རྒྱལ་ན་དམག་དཔུང་ཕྱིར་འཐེན་གཏན་ནས་མི་བྱེད་པ་བྱ་དགོས།

ཞིང་ལས་དར་རྒྱས་ཡིན་མིན་དང་གྲོང་གསེབ་མཛེས་སྡུག་བཀྲ་མིན། ཞིང་པ་ཕྱུག་པོ་ཡིན་མིན་གྱིས་ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྣམ་པ་དང་རྒྱུ་སྤུས་ལ་ཐག་གཅོད་བྱེད་བཞིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གིས་སི་ཁྲོན་གྱི་ལས་ཀར་གནང་བའི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་གྱིས་མཛུབ་ཁྲིད་སྲ་བརྟན་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་ལམ་བུར་ཡག་པོར་བསྐྱོད་པ་དང་དབུལ་སེལ་འགག་སྒྲོལ་གྱི་གཡུལ་འཐབ་ཆེན་མོ་ལས་རྣམ་པར་རྒྱལ་ནས། རྒྱ་ཆེའི་ཞིང་པའི་ཆེད་དུ་བདེ་སྐྱིད་བསྐྲུན་པའི་ལོ་རྒྱུས་ཀྱི་འགན་འཁྲི་དངོས་སུ་ཕྲག་ཏུ་བླངས་ཤིང་སི་ཁྲོན་གྱི“ཞིང་གསུམ”འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་བྲི་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1