དར་མདོ་གྲོང་ཁྱེར་ཁྲིམས་ཁང་གིས་སླར་ཡང་ནག་སེལ་གཤེད་འཇོམས་བྱེད་ཤུགས་ཆེ་རུ་གཏོང་།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-13


        ཉེ་ཆར། དར་མདོ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ནག་སེལ་གཤེད་འཇོམས་འཐབ་རྩོད་ཀྱི་ཆེད་དོན་ཚོགས་འདུ་སྐོང་ཚོགས་བྱས་ཏེ་སྔོན་འགྲོའི་ལས་ཀ་སྤེལ་ཚུལ་ལ་ཕྱོགས་བསྡོམས་བྱས་པ་དང་ཆབས་ཅིག གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏང་རྒྱུའི་ཐད་སླར་ཡང་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
        ཁྲིམས་ཁང་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་གནས་ཐིག་སླར་ཡང་མཐོ་རུ་བཏང་བ་དང་གཏོང་བཞིན་ཡོད་པ་རེད། གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཐེངས24པའི་ནག་སེལ་གཤེད་འཇོམས་བྱ་རྒྱུའི་ལས་དོན་སྐོར་གྱི་ཞིབ་ཕྲའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་བསམ་བློའི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། གོང་རིམ་ཁྲིམས་ཁང་དང་སྤྱི་བདེ། ཞིབ་དཔྱོད་ལས་ཁུངས་སོགས་དང་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་བྱེད་ཐབས་སླར་ཡང་ཇེ་དྲག་ཏུ་གཏོང་བ་དང་།དྲིལ་བསྒྲགས་ཀྱི་ཐབས་ལམ་རྒྱ་སྐྱེད་གསར་གཏོད་བྱས་ཏེ་མང་ཚོགས་ཀྱིས་རྒྱུས་ལོན་བྱུང་ཚད་དང་རྒྱབ་སྐྱོར་བྱེད་ཚད། དེའི་ནང་ཞུགས་ཚད་བཅས་མཐོ་རུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་དེའི་ནང་ཞུགས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་འཆང་དུ་བཅུག་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1