“ཀྲུང་གོའི་གནམ་མིག”གིས་ལོ་གཉིས་ནང་སྐར་མ་གསར་པ་44ཤེས་རྟོགས་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 09-13


       “ཀྲུང་གོའི་གནམ་མིག”དུ་གྲགས་པའི་ཁ་ཞེང་ལ་སྨི་500ཡོད་པའི་ཟླུམ་ངོས་གློག་རླབས་གནམ་དཔྱད་རྒྱང་ཤེལ(FAST)ལོ་གཉིས་རིང་ཛ་དྲག་གི་སྙོམས་སྒྲིག་ཚོད་ལྟའི་ལས་ཀ་བྱས་པ་བརྒྱུད། ད་ལྟ་རྗེས་སྙེག་དང་གཡེང་སྤོའི་བཤེར་འབེབས། འགུལ་སྐྱོད་ཁྲོད་བཤེར་འབེབས་སོགས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་སྟངས་སྣ་ཚོགས་མངོན་འགྱུར་བྱུང་ཡོད། མིག་སྔར། “ཀྲུང་གོའི་གནམ་མིག”གིས་སྤུས་ལེགས་ཀྱི་སྐར་མ་59ཡི་འོས་འདེམས་གཟུགས་ཤེས་རྟོགས་བྱུང་བ་དང་། དེའི་ནང་གི་སྐར་མ་44གསར་དུ་རྙེད་པར་ངོས་འཛིན་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1