བོད་མི་རིགས་ཀྱི་གོས་རྒྱན་རིག་གནས་ཞིབ་འཇུག་ཁང་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-13


       ཟླ་9ཚེས་8ཉིན་གྱི་སྔ་དྲོར། བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པའི་འགྲེམས་ཚོགས་ལྟེ་གནས་ཨང་2པའི་ནང་དུ། བོད་ལྗོངས་མི་རིགས་རྒྱན་གོས་རིག་གནས་ཞིབ་འཇུག་ཁང་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་རེད། བོད་ལྗོངས་མི་རིགས་ཀྱི་གོས་རྒྱན་རིག་གནས་ཞིབ་འཇུག་ཁང་གི་ཡོན་ཀྲང་ལི་མེ་ཡིས། ང་ཚོའི་དམིགས་ཡུལ་ནི་བོད་ལྗོངས་མི་རིགས་ཀྱི་གོས་རྒྱན་རིག་གནས་ཞིབ་འཇུག་དང་། འཕེལ་རྒྱས། འཛུགས་སྐྱོང་སོགས་ཀྱི་དགོས་མཁོ་དང་འབྲེལ་ནས། ལས་རིགས་ཞིབ་འཇུག་དང་། ཆ་འཕྲིན་ཞབས་ཞུ། ལས་རིགས་ཞབས་ཞུ། ལས་རིགས་བྱེད་སྒོ   མཉམ་ལས་སྐུལ་འདེད་བཅས་གནས་འཁེལ་དང་དུས་ཡུན་རིང་པོའི་དམིགས་ཡུལ་བྱས་ཏེ། བོད་ལྗོངས་སུ་རྩ་བ་བཙུགས་པ་དང་། བོད་ཁུལ་གྱི་རྒྱན་གོས་རིག་གནས་འཛིན་སྤེལ་ལ་དོ་ཁུར་བྱ་རྒྱུ་དེ་ཡིན་པ་དང་། དུས་མཚུངས་སུ། རྒྱལ་ནང་དང་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་དང་ཁེ་ལས་ཀྱི་མཉམ་ལས་རྒྱ་བསྐྱེད་བཏང་སྟེ། བོད་ལྗོངས་མི་རིགས་གོས་རྒྱན་རིག་གནས་འཛམ་གླིང་དུ་བསྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།  

     ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མི་རིགས་རྒྱན་གོས་རིག་གནས་ཞིབ་འཇུག་ཁང་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཆོག་མཆན་གནང་བ་དང།   བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཐོ་འགོད་བྱས་ནས་བཙུགས་པའི་དམངས་གཉེར་གྱི་ཁེ་ལས་ཀྱི་རང་བཞིན་མི་ལྡན་པའི་ཚན་པ་ཞིག་ཡིན་པ་དང་། དེ་ནི་2017ལོའི་ཟླ་10པར་བཙུགས་པ་དང་། ད་ལོའི་ཟླ་5པར་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཐོ་འགོད་དཔང་ཡིག་དངོས་སུ་སྤྲད་པ་རེད།

     གཞན་ཡང་། ཞིབ་འཇུག་ཁང་བཙུགས་པའི་ཚོགས་རའི་ཡུལ་དངོས་སུ། གྱོན་ཆས་ངོམ་སྟོན་བྱས་ཡོད་པ་དང་། དེའི་ནང་ཞུགས་མཁན་ཚན་པ་17གྱི་གོས་རྒྱན་འགྲེམས་ཚོང་བྱས་པ་དང་། ཚན་པ་9ཡིས་གོས་རྒྱན་ངོམ་སྟོན་བྱས་ཡོད་ཅིང་། དེའི་ཁྲོད་བོད་ལྗོངས་སློབ་ཆེན་གྱི་སློབ་མའི་བརྩམས་ཆོས་དང་བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཕྱི་ནང་གི་ཁེ་ལས་ཀྱི་ཇུས་འགོད་བརྩམས་ཆོས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1