བོད་ལྗོངས་ས་སྐྱ་རྫོང་གི་ཁྱད་ལྡན་ཐོན་ལས་ལ་གསོན་ཉམས་ལྡན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-14


        ཟླ་9ཚེས་12ཉིན། 2007ལོར། ས་སྐྱ་བ་རིན་ཆེན་དངོས་གྲུབ་ལ་སྟེས་དབང་གི་གོ་སྐབས་ཤིག་འཕྲད་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ཀྱི་སྤོས་བཟོ་སྟངས་ཀྱི་གནའ་གཞུང་ཚད་ལྡན་ཡིག་ཆ་ཞིག་མཇལ་བ་དང་། དེ་ནས་ཁོང་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ཀྱི་སྤོས་བཟོ་སྟངས་ལ་ཞིབ་འཇུག་བྱས་པ་རེད། ཐེངས་མང་པོ་ཚོད་ལྟ་དང་ལེགས་བཅོས་བྱས་པ་བརྒྱུད། རིན་ཆེན་དངོས་གྲུབ་ཀྱིས་སྤོས་ཞེས་ཁག་པོ་དང་དཀྱིལ་ནས་མི་ཞེས་པའི་གནད་དོན་ཐག་གཅོད་བྱས་ཞིང་། མི་རབས་མང་པོ་རྒྱུན་ཆད་པའི་འགྲོ་མགོན་འཕགས་པའི་སྐབས་ཀྱི་སྤོས་བཟོའི་ལག་རྩལ་ལ་སླར་ཡང་གསོན་ཤུགས་རྒྱས་པར་བྱས་ཡོད།    
        2013ལོར། རིན་ཆེན་དངོས་གྲུབ་ཀྱིས་རང་གིས་མ་རྩ་སྒོར་ཁྲི་830བཏང་སྟེ།   བོད་ལྗོངས་ས་སྐྱ་འཁོན་རྒྱུད་སྤོས་བཟོ་ཚོང་ཚད་ཡོད་ཀུང་སི་བཙུགས་པ་རེད། ད་ལྟ། འགྲོ་མགོན་འཕགས་པའི་སྐབས་ཀྱི་སྤོས་བཟོའི་ལས་ཁང་ཆུང་ངུའི་ཚོང་གཉེར་ནས་རིམ་བཞིན་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་མགྱོགས་ལམ་ཏུ་བསྐྱོད་ཡོད་པ་རེད་། ཀུང་སི་དེའང་2017ལོར་བོད་ལྗོངས་འཁོན་རྒྱུད་རིག་གནས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ཞེས་པར་མིང་གསར་བསྒྱུར་བྱས་པ་དང་། ཐོ་འགོད་མ་རྩ་སྒོར་ཁྲི་8480ཡོད་པ་རེད།

        འགྲོ་མགོན་འཕགས་པའི་སྐབས་ཀྱི་སྤོས་དེ་ནང་སར་ཚོང་གཉེར་གྱི་ཁྱབ་རྒྱ་ཆེ་རུ་གཏོང་ཆེད། 2014ལོར་རིན་ཆེན་དངོས་གྲུབ་ཀྱིས་ཀུང་སིའི་དྲ་ཚིགས་བཙུགས་ཏེ་། པེ་ཅིང་དང་།   ཧྲང་ཧའེ། ཧྲང་ཏུང་། ཧའེ་ནན་སོགས་སུ་ཀུང་སིའི་དྲ་ཐོག་དང་དྲ་ཕྱིའི་ཚོང་ལས་ཞབས་ཞུ་བཙུགས་ནས། "དྲ་འབྲེལ་+"ཚོང་གཉེར་གྱི་རྣམ་པ་བེད་སྤྱད་པས། ཐོན་རྫས་ཉོ་ཚོང་སྟབས་བདེ་དང་། ཚོང་གཉེར་ལམ་བུ་ཤར་སྐྱོད་བྱུང་སྟེ། ལོ་རེའི་ཕྱིར་ཚོང་བསྡོམས་འབོར་རྒྱུན་མཐུད་ངང་40%ཡས་མས་འཕར་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1