བྱིས་སྐྱོང་ཁང་གི་ན་ཆུང་བྱིས་པ་རྣམས་ཀྱིས་དམག་སྦྱོང་བྱས་པ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-14


     ཟླ་9པའི་ཚེས་7ཉིན་གྱི་ཕྱི་དྲོར། རྔ་བ་ཁུལ་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་གི་རུ་ཆེན་གཉིས་པས་འཇུག་ངོགས་བྱིས་སྐྱོང་ཁང་གི་བྱིས་པ་རྣམས་ལ་ཆེད་དུ་སྤེལ་བའི་དམག་སྦྱོང་བྱེད་སྒོ་དེ་བྱིས་སྐྱོང་ཁང་དེ་གའི་སློབ་ཚུགས་མཛད་སྒོ་དང་དམག་སྦྱོང་གཟིགས་འབུལ་འཁྲབ་སྟོན་ཁྲོད་མཇུག་འགྲིལ་བ་རེད།
     བྱིས་པའི་ཐུན་མོང་གི་འདུ་ཤེས་ཇེ་དྲག་དང་། བྱིས་པའི་སྒྲིག་ཁྲིམས་དམ་སྲུང་རང་གཤིས་གསོ་སྐྱོང་། བྱིས་པའི་བྱ་སྤྱོད་ལག་བསྟར་བྱེད་ཤུགས་བཅས་ཆེ་རུ་གཏོང་ཆེད། འབར་ཁམས་གྲོང་ཁྱེར་འཇུག་ངོགས་བྱིས་སྐྱོང་ཁང་གི་སློབ་སྔོན་འཛིན་གྲྭ་དང་འཛིན་གྲྭ་ཆེ་བའི་བྱིས་པ་201ཐེངས་འདིའི་དམག་སྦྱོང་ལ་ཞུགས་པ་རེད།  
      ཐེངས་འདིའི་དམག་སྦྱོང་དུ། གྲལ་སྒྲིག་སྦྱོང་བརྡར་དང་། དམག་རྩལ་ཁུ་ཚུར་སླ་མོ་ཁྲིད་པ། ནང་གི་དོ་དམ་བཅས་གཙོར་བཟུང་ནས་སྦྱོང་བརྡར་བྱས། གྲལ་སྒྲིག་སྦྱོང་བརྡར་གྱིས་བྱིས་པའི་ཁ་ཕྱོགས་ཀྱི་ཤེས་ཚོར་དང་། སྐད་བརྡ་ལ་གོ་བ་ལེན་པ་དང་ལག་བསྟར་བྱེད་པའི་ནུས་པ་ཆེ་རུ་ཕྱིན་པ་དང་། དམག་ལུགས་གོམ་སྟབས་སྤོ་ཚུལ་སྦྱོང་བརྡར་གྱིས་བྱིས་པའི་བྱ་སྤྱོད་ཀྱི་མཐུན་སྦྱོར་རང་བཞིན་དང་ཐུན་མོང་གི་འདུ་ཤེས་ལྟ་བ་གསོ་སྐྱོང་བྱས་ཡོད།
      དམག་རྩལ་ཁུ་ཚུར་གྱིས་བྱིས་པ་རྣམས་ལ་གཞི་རྩའི་རང་སྲུང་གི་མན་ངག་གསལ་འགྲེལ་དང་། བྱིས་པར་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་རང་ཉིད་སྲུང་སྐྱོབ་བྱེད་ཚུལ་ཁྲིད་པ། ནང་གི་དོ་དམ་གྱིས་བྱིས་པ་ཚོར་མལ་ཁྲི་དང་ཉལ་ཐུལ། གྱོན་གོས་གཙང་དག་དང་བསྡུ་གསོག་བྱེད་ཚུལ་ཁྲིད་ནས། བྱིས་པ་རྣམས་ཀྱི་ལག་པ་འགུལ་བའི་ནུས་པར་སྦྱོང་བརྡར་དང་། གཙང་སྦྲ་དོད་པའི་འཚོ་བའི་གོམས་གཤིས་བཟང་པོ་ཆགས་སུ་བཅུག་གོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1