ཕེང་ཆིང་ཧྭ་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ས་གནས་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུ་ལ་ཞུགས་པར་མ་ཟད་གཏམ་བཤད་གནང་།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ེངེད་དྲ་བ། སྤེལ་དུས། 09-14


        ཟླ་9པའི་ཚེས་11ཉིན། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཡིས་གཙོ་གཉེར་གནང་བ་དང་། ཀྲུང་གོ་མི་དམངས་ཕྱི་འབྲེལ་མཛའ་གྲོགས་མཐུན་ཚོགས་དང་། ཨུ་རུ་སུ་དང་ཀྲུང་གོའི་མཛའ་མཐུན་དང་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། ས་གནས་ཀྱི་མཉམ་ལས་ལས་འཛིན་ལྷན་ཚོགས་བཅས་ཀྱིས་ཐུན་མོང་གིས་སྒྲུབ་འགན་འཁུར་བའི་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ས་གནས་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུ་དེ་ཨུ་རུ་སུའི་མཚོ་ཁའི་ས་མཚམས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཧྥུའུ་ལ་ཏི་ཨའོ་སི་ཐོ་ཁེའི་གྲོང་ཁྱེར་དུ་འཚོགས།  གླེང་མོལ་ཚོགས་འདུའི་དུས་རིམ་དང་པོའི་ཚོགས་འདུ་དེ་ཨུ་རུ་སུ་དང་ཀྲུང་གོའི་མཛའ་མཐུན་དང་། ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། ས་གནས་ཀྱི་མཉམ་ལས་ལས་འཛིན་ལྷན་ཚོགས་ཀྱི་ཨུ་རུ་སུ་ཕྱོགས་ཀྱི་ཀྲུའུ་ཞི། ཡ་རོ་སི་ལ་ཧྥུ་ཀྲོའུ་ཡི་འགན་འཛིན་པ་སྨི་ལའོ་ནོའུ་ཧྥུ་དང་ཀྲུང་གོ་མི་དམངས་ཕྱི་འབྲེལ་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཞའོ་ལིན་རྣམ་གཉིས་ཀྱིས་མཉམ་དུ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། སི་ཁྲོན་ཞིང་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་། ནང་སོག  ལིའོ་ཉིང།  ཅི་ལིན།  ཧེ་ལུང་ཅང་། ཅང་སུའུ། ཀྲེ་ཅང་། ཧྲན་ཏུང་། ཀོང་ཏུང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་དེ་མིན་ཨུ་རུ་སུའི་ཀྲོའུ་ཀྲང་15བཅས་བགླེང་མོལ་ཚོགས་འདུར་མ་ཟད། དུས་རིམ་དང་པོའི་ཚོགས་འདུའི་ཐོག་གཏམ་བཤད་གནང་། 
        ཕེང་ཆིང་ཧྭ་ཡིས་ཧྥུའུ་ལ་ཏི་ཨའོ་སི་ཐོ་ཁེའི་གྲོང་ཁྱེར་རུ་ཡོང་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ས་གནས་འགོ་ཁྲིད་དབར་གླེལ་མོལ་ཚོགས་འདུའི་ནང་ཞུགས་ཐུབ་པར་དགའ་སྤྲོ་ཆེན་པོ་བྱུང་ལ། ཐེངས་འདིའི་གླེང་མོལ་ཚོགས་འདུ་འཚོགས་པ་དེས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ས་གནས་བར་མཉམ་ལས་གསར་པ་ཡོང་བར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་ཞིང་།  ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱི་མིག་རྒྱང་རིང་པོའི་དར་སྤེལ་དང་སྐུལ་འདེད་གཏོང་ཚུལ་འོག ཀྲུང་ཨུ་ས་གནས་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་ཕྱིན་པ་རེད་ཅེས་བསྟན། 
        ཕེང་ཆིང་ཧྭ་ཡིས་སི་ཁྲོན་ལ་ཐེན་ཧྥུ་རྒྱལ་ཁབ་ཅེས་པའི་མཚན་སྙན་ཡོད་ལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྱོང་གནང་བའི་འབྲེལ་གནད་གལ་ཆེན་ཞིག་ཀྱང་ཡིན།  ཀྲུང་གོའི་སྐམ་སའི་དབུས་ཁུལ་སྒོ་འབྱེད་ཀྱི་ས་གནས་གལ་ཆེན་དང་། སི་ཁྲོན་དང་ཨུ་རུ་སུའི་ས་གནས་མཉམ་ལས་ཀྱི་མདུན་ལམ་ཆེན་པོ་ཡོད་པ་ཞིག་ཀྱང་ཡིན། ང་ཚོས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་བར་གྱི་མཉམ་ལས་བྱེད་པའི་ཐད་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཕྱོགས་ཡོངས་ཀྱི་མཛའ་གྲོགས་མཉམ་ལས་ཟམ་མི་ཆད་པར་ཟབ་སྤེལ་བྱས་ཏེ། ཀྲུང་ཨུ་རྒྱལ་ཁབ་བར་མི་རབས་ནས་མི་རབས་ལ་མཛའ་མཐུན་ཡོང་བར་བྱས་རྗེས་འཇོག་གང་ཐུབ་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1