ལོ་6རིང་ཁྱིམ་ཚང་གཅིག་ལྟར་རོགས་སྐྱོར་བྱས་ནས“ལིས་རྫོང་གི་སྤྲོ་ཁང”སུའེ་ཉིང་གྲོང་དུ་བཙུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-18



         སུའེ་ཉིང་གྲོང་ཁྱེར་ཧོ་ཏུང་ཁུལ་གསར་ཅིའུ་ཙུང་དེབ་ཁང་ལམ་གྱི“ལིས་རྫོང་གི་སྤྲོ་ཁང”བཀོད་སྒྲིག་གསར་རྐྱང་བྱས་ཤིང་། “དེ་ནི་ལིས་རྫོང་གིས་ཡིད་དབང་འཕྲོག་ཤུགས་གཅིག་སྡུད་ཐོག་མངོན་པར་བྱེད་པའི་སྐར་ཁུང་ཞིག་རེད་ལ། ལིས་རྫོང་གི་ཡུལ་ཟོག་འགྲེམས་ཚོང་བྱེད་ས་གསར་པ་ཞིག་ཀྱང་རེད”ཅེས་རྣམ་གྲངས་ཀྱི་ས་གནས་ས་ཐོག་གི་འགན་འཁུར་བས་སྤྲོ་ཁང་དེའི་བཀོད་སྒྲིག་གི་ལྷུ་ཚིགས་ཚང་མར་ལྟ་ཞིབ་བྱེད་ཞོར་དུ་བཤད།
         རྔ་པ་ཀྲོའུ་ལིས་རྫོང་ནི་སུའེ་ཉིང་གྲོང་ཁྱེར་ཁྲོན་ཧྲན་ཆུས་ཀྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་བོད་རིགས་ས་ཁུལ་གྱི་རྫོང་དབུལ་པོ་ཞིག་རེད། 2012ལོ་ནས་བཟུང་སུའེ་ཉིང་གྲོང་ཁྱེར་གྱིས་ཏང་ཡོན་ལས་བྱེད་པ་ཁག་སྒྲིག་འཛུགས་བྱས་ཏེ། ལིས་རྫོང་གི་གྲོག་རོང་དང་རི་མཐོར་སྐྱོད་ནས་མི་རྒྱུ་དངུལ་་གསུམ་གཅིག་ཏུ་བསྡུས་ཏེ་ཁ་གཏད་རོགས་སྐྱོར་ཏན་ཏིག་བྱས་པ་རེད།
         སུའེ་ལིས་ཁྱིམ་ཚང་གཅིག་ལྟར་བརྩེ། ལིས་རྫོང་ལ་རྒྱུན་མཐུད་རོགས་སྐྱོར་བྱེད་པའི་ཁྲོད་སུའེ་ཉིང་གིས་བསམ་ཕྱོགས་རིམ་བཞིན་ལེགས་སྒྲིག་བྱས་ཏེ། ལིས་རྫོང་གི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་འཇུག་གཞིར་བྱས་ཏེ་སྟབས་བདེའི་ཁེར་རྐྱང་ནང་འདྲེན་ནས་ཕུགས་ཕན་གྱི་གཉིས་མོས་མཉམ་འགུལ་བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
        “ལིས་རྫོང་གི་སྤྲོ་ཁང”དེ་སུའེ་ལིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྙིང་བཅུད་ལྟ་བུར་གྱུར་རྒྱུ་ཡིན་ཞིང་། ཕེང་ཞན་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྨི་ངོས་གྲུ་890ལྷག་ཙམ་ཡོད་པའི་སྤྲོ་ཁང་དེའི་ནང་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ཉམས་ལེན་དང་། ལིས་རྫོང་གི་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན། ཚོང་དོན་གྲོས་མོལ་སོགས་ནུས་པའི་ཁུལ་གཙོ་བོ་3ལ་དབྱེ་ཡོད་པ་དེའི་ནང་ལིས་རྫོང་དང་དེ་བཞིན་རྔ་པ་ཀྲོའུ་ཡི་ཞིང་ཞོར་ཁྱད་ལྡན་ཐོན་རྫས་དང་། རིག་གནས་གསར་གཏོད་ཐོན་རྫས། ཡུལ་སྐོར་ཚོང་ཟོག ལས་སྣོན་བཟའ་བཅའ་སོགས་ཁྱད་ལྡན་ཐོན་རྫས་བརྒྱ་ཕྲག་ལྷག་ཙམ་གཅིག་སྡུད་བྱས་ཡོད་པས་སུའེ་ཉིང་གི་གྲོང་མིས་ས་ཆ་དེ་རང་ནས་ལིས་རྫོང་གི་ཁྱད་ལྡན་ཐོན་རྫས་ཉོ་ཐུབ་ཀྱི་ཡོད་པ་རེད།
       “ལིས་རྫོང་གི་སྤྲོ་ཁང”ནི་སུའེ་ལིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྣུར་སྲིང་ནུས་ལྡན་ཞིག་དེ་བས་རེད། ཁྲོན་ཧྲན་ཆུས་ཨུད་ཀྱི་རྩ་འཛུགས་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར། “ལིས་རྫོང་གི་སྤྲོ་ཁང”ནི་འགུལ་མེད་ཁང་ཞིག་ཡིན་པ་མ་ཟད་ཕྱོགས་གཉིས་ཕན་ཆེ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པའི་སྤུས་ལེགས་ཀྱི་གཞི་རྟེན་ཞིག་ཀྱང་རེད། རྗེས་མཐུད་ཀྱི་གཉེར་སྐྱོང་ཁྲོད། “ལིས་རྫོང་གི་སྤྲོ་ཁང”གིས་དུས་མཚམས་དང་། ས་གནས་དེ་གའི་ཁེ་ལས། སྒྲིག་གཞི་བཅས་དབྱེ་སྟེ་མཉམ་ལས་བྱས་ནས་ལིས་རྫོང་གི་ཞིང་ཞོར་ཐོན་རྫས་དང་ཡུལ་སྐོར་ཐོན་ཁུངས་སོགས་སུའེ་ཉིང་དང་དེ་བཞིན་མཐའ་འཁོར་ས་ཁུལ་ལ་ཁྱབ་འགྱེད་བྱ་རྒྱུ་རེད།
         “ཕོ་ཉ་ཡག་པོ་ཞིག་བྱས་ཏེ་སྦྲེལ་ཟམ་ཡག་པོ་བཙུགས་པ”ལོ་6ལྷག་ཙམ་རིང་ཁ་གཏད་རོགས་སྐྱོར་བྱས་ནས་སུའེ་ཉིང་གི་བོད་སྐྱོར་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་སུའེ་ལིས་ཕྱོགས་གཉིས་ཀྱི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཡོད།
         སུའེ་ཉིང་གྲོང་ཁྱེར་གྱི་ཁག་བཞི་པའི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར། སུའེ་ཉིང་ལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དེང་རབས་ཟོག་འགྲེམས་ལས་རིགས་ཡོད་ལ་ལིས་རྫོང་གི་ཁྱད་ལྡན་ཞིང་ལས་ཀྱང་དེ་མཚུངས་ཀྱི་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད། སི་ཁྲོན་དུ་སྐྱོད་སའི་ལམ་བུ་ཤར་གཏོང་ཐུབ་པ་སོགས་ཀྱིས་སུའེ་ཉིང་གི་སྤུས་ལེགས་ཀྱི་དྲ་ཐོག་ཚོང་ཁང་གི་ཟོག་འགྲེམས་ལ་བརྟེན་ནས་སུའེ་ཉིང་གིས་ལིས་རྫོང་ལ“དྲ་རྒྱ་ཡོངས་སུ་ཁྱབ་པའི”མཁོ་ཚོང་ལས་སྟེགས་བཙུགས་ཏེ། སེའུ་མངར་མོ་དང་མ་རྨོས་ལོ་ཏོག་མངར་མོ་སོགས་ཁྱད་ལྡན་ཞིང་ཞོར་ཐོན་རྫས་རིགས་16དུས་ཚིགས་བཞིན་དྲ་ཐོག་ཏུ་སྟོན་གྱི་ཡོད་པ་རེད།
        མིག་སྔར་མཉམ་སྤྱོད་མཉམ་གཏོད་ཀྱི་ས་གནས་གཉིས་པོའི་ཡུལ་སྐོར་ཁྲོམ་རའི་མཉམ་འགུལ་དེའང་མཉམ་དུ་ལག་གདང་གཏིང་ཟབ་སྦྲེལ་ནས། འགྲུལ་ཁུངས་མཉམ་སྐྱེལ་དྲིལ་བསྒྲགས་མཉམ་དུ་བྱ་རྒྱུ་རིམ་བཞིན་མངོན་འགྱུར་བྱུང་སྟེ་ཕྱོགས་གཉིས་པོས་རོགས་ལས་གཉེར་སྐྱོང་བྱས་པའི“སུའེ་ཉིང་སྤྱན་རས་གཟིགས་ཀྱི་ཕ་ཡུལ——ལིས་རྫོང་གི་མི་རིགས་ཡུལ་སྲོལ་གོམས་གཤིས”ཀྱི་རྩེར་སོན་ལམ་ཐིག་གིས་ཐན་སུའེ་རིག་གནས་ཚོགས་པ་སོགས་ཡུལ་སྐོར་ཁེ་ལས་7ལ་ཞུགས་རྒྱུའི་ཡིད་དབང་བཀུག་པ་རེད།
         སུའེ་ལིས་ཁྱིམ་ཚང་གཅིག་ལྟར་བརྩེ། རིམ་སྤོར་པར་གཞི་གསར་པ་བསུ་བཞིན་ཡོད། འབྱུང་འགྱུར་གྱི་བསམ་གཞིག་ཁྲོད་སུའེ་ལིས་ཕྱོགས་གཉིས་ཀྱི་མཉམ་འགུལ་ནི་མིའི་འགྲོ་འོང་ཞིག་ཡིན་པ་མ་ཟད་ཚོང་ལས་དང་རིག་གནས་འགྲོ་འོང་དམ་ཟབ་བྱེད་པའི་དུས་མཚམས་སུ་དེ་བས་སླེབས་ཡོད། “ལིས་རྫོང་གི་སྤྲོ་ཁང”དེ་གཞི་བརྟེན་གྱི་འཐབ་སར་བྱས་ཏེ་སུའེ་ལིས་མཉམ་ལས་ཀྱི་ཐབས་ལམ་དེ་བས་མང་བ་བཏོད་ནས་སུའེ་ལིས་མཉམ་ལས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1