ལི་ཐང་རྫོང་མཐོ་སྒང་སྐྱེ་ཁམས་ལ་ཕུག་ལ་ཐོན་འབབ་ཡག་པོ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-20


        སྤྱི་ཟླ9པའི་ཚེས12ཉིན། ས་བབ་མཚོ་འཕགས་སྨི3600ལྷག་ཙམ་ཟིན་པའི་ལི་ཐང་རྫོང་ཚོ་གསུམ་ཤང་གི་མུའུ་ཁྲིའི་སྐྱེ་ཁམས་ལ་ཕུག་འདེབས་འཛུགས་རྟེན་གཞིར་ཤང་ཀང་དང་ཨའོ་མེན་ལ་ཐད་འཚོང་བྱེད་པའི་མཐོ་སྒང་གི་སྐྱེ་ཁམས་ལ་ཕུག་ལ་ཐོན་འབབ་ཡག་པོ་བྱུང་ནས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་ཁྲི1ལ་ཟིན་པ་རེད།
        ཁམས་བོད་ཉི་འོད་ཞིང་འབྲོག་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ཡུལ་དེའི་མང་ཚོགས100ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལ་ཕུག་འཐུ་བ་དང་། ལ་ཕུག་འཁྲུ་བ། རྩ་རས་ནང་བླུགས་པ། གྲང་ཉར་སོགས་ཀྱི་ཐོན་སྐྱེད་ལས་སྣོན་བྱས་ནས་ཉིན་ལྟར་ཤང་ཀང་དང་ཨའོ་མེན་ས་ཁུལ་དུ་ཏུན200ཙམ་དབོར་གྱི་ཡོད་པ་རེད།
        སི་ཁྲོན་ནུབ་རྒྱུད་དུ་གནས་པའི་མཐོ་སྒང་གི་བོད་རིགས་ས་ཁུལ་ལི་ཐང་རྫོང་ལ་ཤིན་ཏུ་གཙང་བའི་མཁའ་རླུང་དང་། སྦགས་བཙོག་མེད་པའི་ས་རྒྱུ། དྭངས་གཙང་གི་ཆུ་ཁུངས། རབ་ཏུ་འཚེར་བའི་ཉི་འོད་བཅས་ཡོད་པས་སྐྱེ་ལྡན་རང་བྱུང་གི་དུས་ཚིགས་ལྡོག་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད། ད་ཕན་ལོ་ཤས་རིང་ལི་ཐང་རྫོང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས“མཐའ་སྣེའི་སྔོ་ཚལ་དང་ཤིང་འབྲས”འདེབས་གསོ་ཧུར་ཐག་བྱས་ཏེ་སྔོ་ཚལ་ཤང་ཀང་དང་ཨའོ་མེན་ལ་ཐད་འཚོང་བྱེད་པའི་རྟེན་གཞིའི་ཚོད་ལྟའི་འཛུགས་སྐྲུན་རྫོང་ཧུར་ཐག་བཏོད་དེ་སྐྱེ་ཁམས་ཞིང་ལས་ལ་བརྟེན་ནས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་རོགས་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1