དུས་རབས་གསར་པར་སི་ཁྲོན་བཅོས་དང་དར་སྤེལ་དུ་གཏོང་བའི་རིན་ཐང་གི་ཁ་གཏོད་ཕྱོགས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-21


—— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“སི་ཁྲོན་ལེའུ”ཡི་ཕུན་སུམ་ཚོགས་པའི་ནང་དོན་ལ་སྦྱོང་རྟོགས་བྱེད་པའི་དཔྱད་བརྗོད་བདུན་པ། 

སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།

 

རིན་ཐང་གི་ཁ་གཏོད་ཕྱོགས་ནི་མི་རྣམས་ཀྱིས་རིན་ཐང་ལྟ་ཚུལ་ག་གེ་མོ་ཞིག་གི་རྨང་གཞིའི་སྟེང་བརྩི་སྲུང་བྱེད་པའི་བྱ་སྤྱོད་ཀྱི་ཚད་གཞི་དང་རྒྱུན་འཁྱོངས་བྱེད་པའི་དམིགས་འབེན་འཚོལ་སྙེག་བྱེད་པ་བྱ། ན་ནིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་ལིའང་ཧྲན་ཁུལ་གྱི་ཞོན་ཡ་སྡེ་བའི་དབུལ་ཐར་གྱི་གནས་ཚུལ་ལ་དོ་སྣང་བྱས་པ་ནས་ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྔོན་དུ་ལིའང་ཧྲན་གྱི་ལྟེ་བར་ཕེབས་ནས་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་བྱས་པ། ཝུན་ཁྲོན་ས་ཡོམ་ཆེན་པོའི་རྗེས་སུ་དུས་ཐོག་ཏུ་གནོད་ཁུལ་དུ་འབྱོར་ནས་ཉེན་སྐྱོབ་གནོད་སེལ་ལ་མཛུབ་སྟོན་བྱས་པ་ནས་ལོ་ངོ་བཅུའི་རྗེས་སུ་ཡང་བསྐྱར་དབྱང་ཞེའུ་ལ་ཕེབས་ནས་བསྐྱར་སྐྲུན་དང་འཕེལ་རྒྱས་ཀྱི་གནས་ཚུལ་གསར་པར་རྟོག་ཞིབ་གནང་བ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལག་ལེན་གྱིས་གུང་ཁྲན་ཏང་མིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་གཙོ་བོར་འཛིན་པའི་རིན་ཐང་གི་ཁ་གཏོད་ཕྱོགས་རྒྱུན་འཁྱོངས་བྱས་པ་མངོན་པར་བསྟན། སྤྱི་ཁྱབ་ཧྲུའུ་ཅིས་ཀྱིས་སི་ཁྲོན་གྱི་དམངས་དོན་ལས་ཀ་ལེགས་པོར་བསྒྲུབ་པར་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་བླང་བྱ་གསལ་པོ་རབ་དང་རིམ་པ་བཏོན་པ་ལས་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་འོས་འགན་ལེགས་པོར་མངོན་པ་དང་། 
ང་ཚོས་མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་བསམ་བློ་ལག་ལེན་བྱེད་པ་དང་ཁྱོན་ཡོངས་ནས་དམངས་འཚོ་ཕྱུག་འགྱུར་གྱི་ལས་ཀ་གོང་དུ་སྤེལ་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད། 

རིན་ཐང་གི་ཁ་གཏོད་ཕྱོགས་འདི་བརྩི་སྲུང་བྱེད་པར་མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་བསམ་བློ་སྲ་བརྟན་དང་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་དམངས་འཚོའི་གནད་དོན་ཐག་གཅོད་ལེགས་པོ་བྱ་དགོས། དམངས་འཚོ་ནི་དམངས་སེམས་དང་འབྲེལ་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་ནི་ང་ཚོའི་ཏང་སྲིད་གཞུང་ལས་ཀའི་འགྱུར་མེད་ཀྱི་བརྗོད་དོན་ཡིན་པ་རེད། ད་ལྟ་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྨོན་ནི་ལྟོ་འགྲངས་གོས་དྲོས་སོགས་གཞི་རྩའི་འཚོ་སྡོད་དགོས་མཁོ་ནས་སྔར་ལས་ལེགས་པའི་སློབ་གསོ་དང་སྔར་ལས་གཏན་འཇགས་ཀྱི་ལས་ཀ སྔར་ལས་ཁམས་དྭངས་པའི་འཚོ་སྡོད་ཀྱི་ཆ་རྐྱེན། སྔར་ལས་ཡིད་རྟོན་རུང་བའི་སྤྱི་ཚོགས་འགན་སྲུང་། སྔར་ལས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་བཅས་ལ་འཚོལ་སྙེག་བྱེད་པར་བསྒྱུར་བཀོད་བྱས་ཟིན་པ་རེད། ཡིན་ནའང་ང་ཚོའི་ལས་ཀ་དང་མང་ཚོགས་ཀྱི་རེ་བ་ལ་ལྟོས་བཅས་ཀྱིས་ད་དུང་བར་ཁྱད་ཡོད་པས་མང་ཚོགས་ཀྱི་སློབ་གསོ་དང་སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྡོད་ཁང་སོགས་ཀྱི་ཐད་དུ་ད་དུང་“དཀའ་ངལ་དང་རེ་སྒུག”གི་དོན་མི་ཉུང་བ་ཞིག་ཡོད་པ་རེད། དམངས་ལ་རེ་བ་ཡོད་ན་ང་ཚོས་ངེས་པར་དུ་དོན་དེ་འགྲུབ་པར་བརྩོན་པ་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དུས་རྒྱུན་དམངས་ལ་སེམས་ཁུར་དང་སེམས་ལ་དགའ་བ། དམངས་ལ་ཕན་ཁེ་བསྐྲུན་པའི་བསམ་བློ་བཅངས་ནས་དམིགས་གཏད་རང་བཞིན་སྔར་ལས་མཐོ་ཞིང་ཁེབས་རྒྱ་སྔར་ལས་ཆེ་བ། ཕན་ནུས་སྔར་ལས་ཐད་ཀར་ཡིན་པ། ནུས་ཕྱོད་སྔར་ལས་མངོན་གསལ་ཡིན་པའི་བྱེད་ཐབས་ལག་བསྟར་བྱས་ཏེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་དོན་ཆེན་དོན་དངོས་དང་མཐུན་པར་དམ་འཛིན་བྱ་དགོས། དེའི་གོ་རིམ་ཁྲོད་གང་ཐུབ་ཅི་ཐུབ་བྱ་དགོས་པར་མ་ཟད་ད་དུང་ནུས་པས་ཅི་ལྕོགས་ཀྱང་བྱ་དགོས། རྣམ་པ་རིང་ལུགས་དང་ཕྱི་ཚུལ་སྤྲས་བརྗོད་ལ་མ་གཞོལ་བར་དོན་དངོས་དང་མཐུན་པར་དོན་བཟང་ལེགས་སྒྲུབ་དང་དངོས་དོན་མཐུན་སྒྲུབ་ལ་བརྩོན་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་སྔར་ལས་ཇེ་མཐོ་བ་དང་སྔར་ལས་འགན་སྲུང་ཡོད་པ། སྔར་ལས་རྒྱུན་མཐུད་ཡིན་པར་བརྩོན་དགོས། 

རིན་ཐང་གི་ཁ་གཏོད་ཕྱོགས་འདི་བརྩི་སྲུང་བྱེད་པར་རྒྱ་ཆེན་པོའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་དར་སྤེལ་དང་ལག་ལེན་བྱས་ཏེ་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་དགོས་མཁོ་ཡིད་ཚིམ་དུ་འཇུག་དགོས། དམངས་འཚོའི་གནད་དོན་ནི་དངོས་པོའི་དགོས་མཁོའི་གནད་དོན་ཡིན་པར་མ་ཟད། ད་དུང་མང་ཚོགས་ཀྱི་བསམ་བློ་དང་རིག་ནས་འཚོ་བའི་དགོས་མཁོའི་གནད་དོན་དང་ཡང་འབྲེལ་བ་དམ་ཟབ་ཡོད་པ་རེད། འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན། དངོས་པོ་ཕུན་སུམ་ཚོགས་ཤིང་རིག་གནས་དང་བསམ་བློ་ཕྱུག་པོ་མིན་བའི་འཕེལ་རྒྱས་ནི་དོ་མི་སྙོམས་ཤིང་འཐུས་མི་ཚང་བའི་འཕེལ་རྒྱས་ཡིན་པ་རེད། དགོས་མཁོའི་ངོས་ནས་བལྟས་ན། འཚོ་བའི་འབྱོར་ཕྱུག་ནི་དངོས་པའི་ཐད་ཀྱི་འབྱོར་ཕྱུག་ཙམ་མ་ཡིན་པར་དེར་བསམ་བློའི་འབྱོར་ཕྱུག་ཀྱང་འདུས། དངོས་པོ་དང་རིག་གནས། བསམ་བློ། ཁྲིམས་སྐྱོང་སོགས་ཕྱོགས་སྣ་མང་ནས་འཕེལ་རྒྱས་ཕྱིན་ཚེ། ད་གཟོད་རྒྱུན་ཆད་མེད་པར་མི་དམངས་ཀྱི་ཉིན་རེར་གོང་དུ་འཕར་བཞིན་པའི་བདེ་སྐྱིད་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ནི་དེང་རབས་ཀྲུང་གོའི་བསམ་བློའི་གཅིག་བསྡུས་ཀྱི་མངོན་སྟངས་ཡིན་པ་དང་དེར་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློ་ཉིང་བཅུད་དང་ཀུན་སྤྱོད་ཀྱི་དགོངས་པ་འདུས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ངོ་བོའི་དེ་ཉིད་དང་རིན་ཐང་གི་ཁ་གཏོད་ཕྱོགས་མཚོན་ཞིང་དམངས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་བསྙེག་གཅིག་ཏུ་འདུས་ཡོད་པ་རེད། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་དར་སྤེལ་དང་དོན་འཁྱོལ་བྱེད་པ་དང་སི་ཁྲོན་གྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་གཉིས་མཉམ་དུ་སྦྲེལ་ནས་མི་དམངས་མང་ཚོགས་ཀྱི་བསམ་བློ་རིག་གནས་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། 

རིན་ཐང་གི་ཁ་གཏོད་ཕྱོགས་འདི་བརྩི་སྲུང་བྱེད་པར་ཚད་མཐོན་པའི་སྒོ་ནས་ས་ཡོམ་གནོད་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་དོ་སྣང་བྱས་ཏེ་དོན་དངོས་དང་མཐུན་པར་གནོད་ཁུལ་གྱི་བསྐྱར་སྐྲུན་དང་འཕེལ་རྒྱས་ཀྱི་དམངས་འཚོའི་དཀའ་གནད་ཐག་གཅོད་བྱ་དགོས། ས་ཡོམ་གནོད་འཚེའི་རྗེས་སུ་མི་དམངས་ཀྱི་འཚོ་བ་ཇི་འདྲ་ཡིན་པ་དང་འཚོ་བ་ཇི་ལྟར་རོལ་བའི་ཐད་ལ་ངེས་པར་དུ་སེམས་ཁུར་བྱ་དགོས། དམངས་འཚོ་ནི་དོན་ཆུང་ཞིག་ཡིན་པས་གནོད་འཚེའི་རྗེས་སུ་བསྐྱར་བསྐྲུན་ཁྲོད་འདི་ནི་སྔར་ལས་དོན་དག་འགངས་ཆེན་ཞིག་ཡིན་པ་རེད། དེ་བས་ང་ཚོས་ངེས་པར་དུ་ནུས་ཤུགས་ལྡན་པའི་བྱེད་ཐབས་ལག་བསྟར་བྱས་ཏེ་མགྱོགས་མྱུར་སྒོས་ཝུན་ཁྲོན་ས་ཡོམ་དང་ལའོ་ཧྲན་ས་ཡོམ་སོགས་གནོད་ཁུལ་གྱི་འཕེལ་རྒྱས་བསྐྱར་དར་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོན་པའི་སྒོ་ནས་གཟི་ཚ་སྡེ་དགུའི་ས་ཡོམ་གནོད་ཁུལ་གྱི་བསྐྱར་བསྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གནོད་འཚེའི་རྗེས་ཀྱི་བསྐྱར་བསྐྲུན་ལས་པ་དང་དབུལ་སེལ་འགག་སྒྲོལ། ཞིང་བའི་ཡོང་འཕར་ཕྱུག་འགྱུར། མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་བཅས་ཀྱི་མཉམ་འབྲེལ་བྱས་ཏེ་གནོད་ཁུལ་མང་ཚོགས་ལ་སྔ་མོ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་དགོས། 

“ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་འོས་འགན་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་མངོན་དུ་འགྱུར་རྒྱུ་དེ་ཡིན་པ་རེད།”མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་“དམངས་ཀྱི་འདོད་བློ་ནི་སྲིད་ཀྱི་ལངས་ཕྱོགས”ཡིན་པ་བསྒྲུབས་ཚེ་ང་ཚོས་འོས་འགན་སྟོང་ཟད་དུ་མ་བཏང་བར་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྟོབས་ཤུགས་གཅིག་སྡུད་བྱ་ཐུབ་བོ།།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1