༄༅། །ཀུན་སྦྱོད་དང་མི་གཤིས་བཟང་པོ་ཞིག་འཇགས་པར་བརྩོན་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-12



      ཁྱོད་ཚོ་ནི་ཞོགས་པའི་ཉི་གཞོན་བཞིན་མ་འོངས་བའི་འདུན་མ་བསུ་མཁན་དང་འབྱུང་འགྱུར་ལ་ཁ་ལོ་བསྒྱུར་མཁན་དེ་ལགས་པས།   ང་ཚོའི་རང་ཉིད་ལ་མི་གཤིས་བཟང་བོ་ཞིག་དང་ཀུན་སྐྱོད་ལེགས་པོ་ཞིག་གསོ་སྐྱོང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ།    དམའ་རིམ་སློབ་འབྲིང་གི་དུས་མཚམས་ནི་ཤེས་བྱ་དང་སློབ་སྦྱོང་། ཀུན་སྦྱོད་བཟང་བོ་འཇགས་པ། འཇོན་ཐང་ཆེ་རུ་འགྲོ་བ། རང་ཉིད་ཡར་རྒྱས་ཡོང་བའི་དུས་སྐབས་བཟང་ཤོས་དེ་ཡིན་པས།    ང་ཚོས་དུས་སྐབས་བཟང་པོ་འདི་ཤོར་དུ་མ་བཅུག་པར་རང་ཉིད་ཕྱོགས་ཡོངས་ནས་གོང་འཕེལ་དུ་འགྲོ་བར་བརྩོན་པ་ལྷུར་ལེན་བྱེད་དགོས། ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད་ཞེས་བ་དང་རྟོགས་པ་ལྷ་ལས་མཐོ་རུང་།སྤྱོད་པ་མི་ལ་བསྟུན་དགོས་པ་ལྟར་ཀུན་སྦྱོད་བཟང་བོ་ཞིག་དང་ཡ་རབས་ཀྱི་མི་གཤིས་ཡག་པོ་ཞིག་གསོ་སྐྱོང་བྱེད་རྒྱུར་རང་ཉིད་ཀྱི་བསམ་ཚུལ་ཙམ་ཀུན་ལ་གྲོས་འདེབས་ཀྱི་ཚུལ་དུ་ཞུ་བར་འདོད། 

    ང་ཚོས་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་རྒྱུན་བཟང་བོ་དེ་རང་གི་ལུས་སྟེང་ནས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་དགོས། རྒན་བཀུར་ཆུང་བྱམས་ཞེས་པ་ནི་གཞན་ལ་བརྩི་བཀུར་དང་བྱམས་བརྩེ། གཅེས་སྐྱོང་བྱེད་པ་དེ་ཡིནལ་གཞན་ལ་བརྩི་བཀུར་བྱེད་པ་དེ་རང་གིས་རང་ལ་བརྩི་བཀུར་བྱེད་པ་དང་གཉིས་སུ་མ་མཆིས་བས་འདིར་ཕྱིའི་ཀུན་སྤྱོད་ཀྱིས་མི་གཞན་ལ་བརྩི་བཀུར་བྱེད་སྟངས་བརྗོད་པ་ལ། གཅིག ངག་གི་བརྩི་བཀུར། མི་གཞན་ལ་ཐུག་ཚེ་ཁམས་བདེ་འདྲི་བ་ཡང་ངག་གི་བརྩི་བཀུར་བྱེད་སྟངས་ཤིག་ཡིན། དཔེར་ན། སྤོ་བོ(རྨོ་བོ། ཨ་མྱེས། ཨ་ནེ། ཨ་ཁུ་ཨ་ཅེ་ནུ་བོ་ནུ་མོ་སོགས)སྔ་དྲོ(ཉིན་གུང་། ཕྱི་དྲོ། མཚན་མོ)བདེ་མོ། ཁྱེད་རང་གང་དུ་ཕེབས་ཀྱི་ཡོད། སླར་མཇལ། སློབ་གྲྭའི་ནང་དུ་དགེ་རྒན་དང་ཐུག་ཚེ། དགེ་རྒན་སྔ་དྲོ(ཉིན་གུང་། ཕྱི་དྲོ། མཚན་མོ)བདེ་མོ། ཁྱེད་རང་གང་དུ་ཕེབས་ཀྱི་ཡོད། སླར་མཇལ་སོགས་ལྟ་བུ། སློབ་གྲོགས་ལ་ཐུག་ཚེ་སློབ་གྲོགས་ཀྱི་མིང་གི་མདུན་དུ་སློབ་གྲོགས་ཞེས་པའི་ཡིག་འབྲུ་གཉིས་པོ་སྦྱར་ནས་དཔེར་ན་སློབ་གྲོགས་བཀྲ་ཤིས་བདེ་མོ་ཞེས་ཁམས་བདེ་འདྲི་དགོས། གལ་ཏེ་རང་གི་ཁྱིམ་དང་སློབ་གྲྭའི་ནང་དུ་མགྲོན་པོ་ཐོན་ཚེ། སྐུ་མགྲོན་ལགས། ཁྱེད་བདེ་མོ། ཁྱེད་རང་ང་ཚོའི་སློབ་གྲྭར(རང་ཁྱིམ་དུ)ཕེབས་པར་དགའ་བསུ་ཞུ། ཞེས་ཁམས་བདེ་འདྲི་དགོས། གཉིས། ལུས་ཀྱི་བརྩི་བཀུར་བྱེད་སྟངས། རང་གི་ཕ་མ་དང་རྒན་པ། དགེ་རྒན། རང་ལས་ཆེ་བའི་མི་སུ་དང་ཐུག་ཚེ་ཡར་ལངས་བ་དང་འཛུམ་གྱིས་བསུ་བ། རང་ལས་ཆུང་བའི་མི་དང་ཐུག་ཚེ་གདོང་ལ་འཛུམ་གྱིས་ཁེངས་ནས་མགོ་བོ་ལྡེམ་པ། ལག་པ་འཇུ་བ། གཞན་གྱི་ངལ་རྩོལ་ལ་བརྩི་བཀུར་བྱེད་པ་སོགས་ནི་ལུས་ཀྱི་ཐོག་མའི་བརྩི་བཀུར་ཡིན། གསུམ། སེམས་ཀྱི་བརྩི་བཀུར། གཞན་གྱི་ཡོན་ཏན་དང་ལེགས་ཆ་མཐོང་ཚེ་རྗེས་སུ་ཡི་རངས་བྱེད་པ་ལས་ཕྲག་དོགམི་བྱེད་པ། མི་གཞན་གྱི་བྱ་སྤྱོད་གང་རུང་ལ་འཕྱ་སྨོད་དང་ཟུར་ཟ་དམའ་འབེབས་མི་བྱེད་པ་བཅས་བྱེད་དགོས། 
      སློབ་གྲོགས་ཚོ། སྤྱིར་བཏང་གི་བྱ་སྤྱོད་ཆུང་ངུ་འདི་དག་ནི་ང་ཚོས་སྒྲུབ་ནུས་ཤིང་སྒྲུབ་འོས་བ་ཞིག་ཀྱང་ཡིན་ལ་ཁྱོད་ལ་སྡོད་སའི་ཁོར་ཡུག་དེ་དཔལ་ཡོན་ཅན་ཞིག་དུ་འགྱུར་བས་སྔ་ལྟས་ཡིན། དཔལ་ཡོན་ཅན་གྱི་ཁོར་ཡུག་ཅིག་གི་ནང་དུ་སློབ་སྦྱོང་བྱས་ན་ཁྱོད་ལ་འབྲས་བུ་ལེགས་པོ་ཞིག་སྨིན་པ་ནི་གདོད་མིཟ་བས། ཚང་མས་ཤུགས་ཆེན་པོའི་ཀུན་སྤྱོད་ལེགས་པོ་དང་ཡ་རབས་ཚུལ་ལྡན་གྱི་ཕྱོགས་སུ་ཧུར་བརྩོན་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1