ཚེ་རིང་དབྱངས་སྐྱིད་ཀྱི་སྒྲུང་རིང་《མེ་ཏོག་དང་རྨི་ལམ།》གྱི་བརྩམས་ཆོས་བགྲོ་གླེང་གྲོས་ཚོགས་ལྷ་ས་རུ་བསྡུས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 08-03


         སྤྱི་ཟླ་7པའི་ཚེས་29ཉིན་གྱི་ཕྱི་དྲོར། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་དང་《བོད་ལྗོངས་རྩོམ་རིག》རྩོམ་སྒྲིག་སྡེ་ཁག་གིས་བསྡུས་པའི་ཚེ་རིང་དབྱངས་སྐྱིད་ཀྱི་སྒྲུང་རིང་《མེ་ཏོག་དང་རྨི་ལམ།》གྱི་བགྲོ་གླེང་གྲོས་ཚོགས་དེ་བོད་ལྗོངས་སུ་བསྡུས་ཤིང་། བོད་ལྗོངས་ཀྱི་སློབ་གྲྭ་སོ་སོ་དང་ལས་རིགས་ཁག་སོ་སོའི་རྩོམ་རིག་ལ་དགའ་མོས་ཡོད་པ་བསྡོམས་པས་མི་གྲངས་20ལྷག་གྲོས་ཚོགས་སུ་ཞུགས།

         ཚེ་རིང་དབྱངས་སྐྱིད་ནི་བོད་ལྗོངས་ཀྱི་ཕ་སྐད་བརྩམས་སྒྲུང་གསར་གཏོད་ཁྲོད་གྲུབ་འབྲས་འབུར་དུ་ཐོན་པའི་རྩོམ་པ་པོ་ཞིག་ཡིན། མོའི་སྒྲུང་རིང་《མེ་ཏོག་དང་རྨི་ལམ།》ནི་བོད་ལྗོངས་བོད་རིགས་བུད་མེད་རྩོམ་པ་པོའི་ཕ་སྐད་སྒྲུང་རིང་ཐོག་མ་ཡིན་ཏེ། རྩོམ་པ་པོ་མོ་རང་ཉིད་ཀྱི་ལོ་དུ་མའི་རིང་འཚོ་བའི་མྱོང་ཚོར་ལྟ་ཞིབ་དང་གསོག་འཇོག་ལས་གྲུབ་པའི་ཕུལ་བྱུང་བརྩམས་ཆོས་ཤིག་ཡིན། བརྩམས་ཆོས་པར་སྐྲུན་བྱས་རྗེས་དགའ་བསུ་ཆེན་པོ་ཐོབ། 《མེ་ཏོག་དང་རྨི་ལམ།》ཁྲོད་དུ་གྲོང་གསེབ་ཀྱི་བུ་མོ་བཞིའི་གྲོང་ཁྱེར་གྱི་འཚོ་བའི་དཀའ་སྡུག་ལས་ཕྱོགས་ཡོངས་ནས་དེབ་རབས་ཅན་གྱི་བརྒྱུད་རིམ་ཁྲོད་བོད་ལྗོངས་གྲོང་གསེབ་བུད་མེད་ཀྱི་དཀའ་སྡུག་གདམ་ག་གསལ་པོར་མཚོན་འདུག རྩོམ་པ་པོས་བརྩམས་ཆོས་ནང་སྤྱི་ཚོགས་ཀྱི་སྐྱུག་བྲོ་བའི་སྣང་ཚུལ་ལ་དགག་རྒྱག་དང་ཐེར་འདོན་བྱེད་ཕོད་པ་དང་། འཚོ་བར་ལྷག་བསམ་རྣམ་པར་དག་པའི་གཞི་རིམ་གྲོང་གསེབ་བུད་མེད་ཀྱི་ལས་དབང་ལ་སྙིང་རྗེ་སྒོམ་ཞིང་སྨྲེ་སྔགས་བཏོན། བརྩམས་ཆོས་འདི་པར་སྐྲུན་བྱས་པ་ལས་བོད་རིགས་བུད་མེད་རྩོམ་པ་པོའི་སྒྲུང་རིང་གི་སྟོང་ཆ་ཁ་གསབ་བྱས་ཤིང་བུད་མེད་ཕ་སྐད་རྩོམ་པ་པོར་གསར་གཏོད་ཀྱི་སྒོ་མོ་གསར་པ་ཞིག་འབྱེད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1