༄༅།། རྒན་པ་རྣམས་ཀྱིས་ཁྲག་གི་མངར་ཆ་ཇེ་དམར་གཏོང་བའི་སྨན་བསྟེན་སྐབས་ངེས་པར་དུ་ཀླད་ཁྲག་ཤོར་བར་དོགས་ཟོན་བྱེད་དགོས།

འབྲུག་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། སྤེལ་དུས། 08-16


        གཅིན་སྙིའི་ནད་དང་བསྡོངས་ནས་ནད་རིགས་གཞན་པ་སློང་སྲིད་པ་དེ་ནི་གཅིན་སྙི་ནད་ཀྱི་གནོད་པ་ཆེན་པོ་ཞིག་ཡིན། དེ་བས་གཅིན་སྙི་ནད་བྱུང་ཡོད་པའི་ནད་པ་རྣམས་ཀྱིས་དུས་ཡུན་རིང་བོར་ཁྲག་མངར་མར་འབབ་པའི་སྨན་འཐུང་བའི་དུས་མཚུངས་སུ་ད་དུང་སྨན་གཞན་དག་ཀྱང་འཐུང་དགོས་པ་ཡིན། དེ་ལྟར་དུས་ཡུན་རིང་བོར་སྨན་སྣ་མང་པོ་མཉམ་གཅིག་ཏུ་འཐུང་ན། སྨན་རྫས་ཀྱི་ཞོར་སྐྱོན་དང་སྨན་རྫས་བར་ཕན་ཚུན་ཤུགས་རྐྱེན་ཐེབས་པའི་ནུས་པར་ཡང་དོ་སྣང་བྱེད་དགོས། ཁྲག་གི་མངར་ཆ་དམའ་བའི་གནོད་པར་མཉམ་འཇོག་བྱེད་དགོས་པ་ལས་གཞན་ད་དུང་ཚང་མས་དོ་སྣང་མི་བྱེད་པའི་གནད་དོན་ཞིག་སྟེ། ཁྲག་འབུད་པར་དོགས་ཟོན་བྱེད་དགོས།
        ཁྲག་མངར་མར་འབབ་བྱེད་ཀྱི་སྨན་ལ་ལས་ཁྲག་འབུད་དུ་འཇུག་སྲིད།
        ཁྲག་མངར་མར་འབབ་བྱེད་ཀྱི་སྨན་རྫས་ཀྱིས་སྤྱིར་ཁྲག་བཞུར་བའི་ཉེན་ཁ་བཟོ་སྲིད། དཔེར་ན་ཨེ་སེ་ན་ཐེ(艾塞那肽)ལྟ་བུ་རེད། སྨན་དེ་ནི་གཅིན་སྙི་ནད་ཀྱི་སྨན་ཞིག་ཡིན་མོད། སྨན་དེ་ཡུན་རིང་བསྟེན་ན་ཁྲག་འབུད་དུ་འཇུག་སྲིད།
        སྨན་རྫས་མང་པོ་མཉམ་དུ་བསྟེན་ནའང་ཁྲག་འབུད་པའི་ཉེན་ཁ་ཆེ་ཇེར་གཏོང་ངེས།
        གཅིན་སྙི་ནད་བྱུང་ཡོད་པའི་ནད་པར་རེད་པ་སོགས་མཉམ་བྱུང་ནད་འབྱུང་སླ་བས། སྨན་སྣ་མང་པོ་མཉམ་དུ་བསྲེས་ནས་འཐུང་ན། ཁྲག་འབུད་པའི་ཉེན་ཁ་ཆེན་པོ་བཟོ་སྲིད།
        སྲིན་འགོག་སྨན་རྫས་ལ་ལས་ཁྲག་ལེབ་ཆུང་བ་ཇེ་ཉུང་དུ་གཏོང་བ་ཡིན། དཔེར་ན་ལུའུ་མེ་སུའུ་དང་ཧྥུའུ་ལིས་ཕེན་སོགས་ལྟ་བུ་ཡུན་རིང་དུ་བསྟེན་ན་འཚོ་རྒྱུ་བེ་ཧྲིན་སུའུ k མེད་པར་བཏང་ནས་ཁྲག་དཀག་བྱེད་ལས་ལ་ཤུགས་རྐྱེན་བཟོ་བ་རེད།
        ལོ་ལོན་རྣམས་ཀྱི་ཁྲག་རྩ་ཇེ་མཐུག་དང་ཇེ་སྲ། ཇེ་སོབ་ཏུ་འགྱུར་བ་ནི་ཁྲག་རྩ་རྒྱུན་ལྡན་སྒོས་ཇེ་ཞན་དུ་འགྱུར་བའི་རྟགས་ཤིག་ཡིན། ཡིན་ནའང་ཁྲག་ཤེད་མཐོ་བ་དང་བསྡོངས་ནས་གཅིན་སྙིའི་ནད་བྱུང་ཡོད་པའི་ནད་པར་ཀླད་ཁྲག་ཤོར་བའི་ཉེན་ཁ་ཡོད་ཅིང་། དེའི་ཁར་ད་དུང་དུས་ཡུན་རིང་བོར་ཁྲག་ཤོར་བའི་ཉེན་ཁ་ཡོད་པའི་སྨན་འཐུང་ན། ཀླད་ཁྲག་ཤོར་བའི་ཉེན་ཁ་དེ་ལས་ཀྱང་ཇེ་མཐོར་གཏོང་སྲིད། དེར་བརྟེན། ལོ་ལོན་རྣམས་ཀྱིས་སྨན་འཐུང་སྐབས་ངེས་པར་དུ་གསལ་བཤད་ཡི་གེའི་སྟེང་གི་ཞོར་སྐྱོན་གྱི་ཕྱོགས་ལ་གསལ་བོར་བལྟ་དགོས། 
 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1