༄༅།། མི་རྒས་ན་ངོ་རུ་གཉེར་མ་བྱུང་བའི་རྒྱུ་མཚན་ཅི།

རྣམ་དཀར་ལྷ་མོས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 09-05


        མི་རྒས་ན་ངོ་རུ་གཉེར་མ་བྱུང་བའི་རྒྱུ་མཚན་ཅི། དེ་ནི་ང་ཚོ་འཚོ་སྡོད་བྱེད་སའི་གོ་ལ་དང་འབྲེལ་བ་ཡོད་དེ། ང་ཚོ་སློབ་གྲྭ་དང་གཞུང་ལས་ཁང་། རི་མགོ་སོགས་ས་གང་དུ་བསྡད་ནའང་གཏན་དུ་སའི་གོ་ལའི་འཐེན་ཤུགས་ཀྱི་དབང་གིས་ངོ་གདོང་གི་སྐྱི་ལྤགས་ཐུར་དུ་དཔྱངས་པ་དང་། དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་དང་སྨུག་ཕྱིའི་འོད་ཀྱི་ཕོག་ཚད་སོགས་ཀྱིས་ངོ་གདོང་ལ་གནོད་པ་ཐེབས་བཞིན་ཡོད་པ་རེད།  
        ད་རུང་མི་རྒྱུད་ཀྱི་རྒྱུད་རྒྱུ་ལའང་འབྲེལ་བ་ཡོད་པར་བཤད། གལ་ཏེ་རང་གི་ཕ་མ་དང་མེས་པོ། མེས་མོ་ལ་གཉེར་མ་མེད་ན་རང་ཉིད་ཀྱི་ངོ་གདོང་ཧྲིལ་པོར་གཉེར་མས་མི་ཁེངས་པ་ཡིན། དེ་བས་ལོ་ཟླ་དང་དུས་ཀྱི་འགྱུར་བ། སའི་གོ་ལའི་འཐེན་ཤུགས་སོགས་ཕྱི་ནང་གི་རྐྱེན་གང་རུང་གིས་མིའི་ངོ་གདོང་ལ་ལོ་ཟླའི་རི་མོ་བྲིས་ནས་གཉེར་མས་ཁེངས་པ་ནི་རང་བྱུང་གི་ཆོས་ཉིད་དུ་གྲུབ་བོ།  ། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1